| | e-texts navigator
|
168a1 གེའི་མགོཅན་དང་། དོས་ཕྱི་མགོ་ཅན་དང་། ཕྲག་གིས་གོརྒྱན་དང་། དྲེད་ཀྱི་མགོན་སྷོ།། ཡུ་གྱི་སྤྲུལ་པ། བྱ་རྒོད་ཀྱི་མགཅན་དང་། བྱ་གགི་མགོཅན་དུང་། ཐུག་པར་མགོ་ཅན་དང་། ཁྭའི་མགོ་ཅན་དང་། པུ་ཤུད་ཀྱི་མགོས
168a2 ཁྭ་ཡི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་དང་། སྲེ་མོའི་མགོ་ཅན་དང་། སྡིག་བུའི་མྱུགོ་ནན་དང་། བྱི་ལའི་མགོ་ཅན་དང་།། དེ་ནས་ཞེ་སྡང་རྡོ་རྗེས་དྲེགས་པ་ཅན་ཐམས་ཅད་ཚར་གཅད་པའི་ཕྱིར། ཐུགས་ཀྱིས་སྲས་མཆོག་འདི་དག་བྱུང་སྟེ། ཧཱུཾ་ཛྫཿ
168a3 ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་དྷཱི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུ~ཾ་དྷཱི་ཧཱུཾ། ཞེས་གསུངས་ཏེ་ཉིད་ཀྱི་མདུན་དུ་འཁོད་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཱ་སརྦ་བིག་ན་ནུ་བ~ཾ་ཧཱུཾ་ཕཊ། ཅེས་གསུངས་པས། སྲས་མཆོག་དེ་དག་དབུ་གསུམ་ཕྱག་དྲུག་པ། སྒྲ་སྨད་ཟུར་གསུམ་དུ་གར་ཏེ། མདུན་ན་བཀའ་སྡོད་པ
168a4 ཚུལ་དུ་བཞུགས་སོ།། དེ་ནས་ཞེ་སྡང་རྡོ་རྗེས་འདི་སྐད་ཅེས་གསུངས་སོ།། ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡ། དྲེགས་པ་འདུལ་ཕྱིར་ཐུགས་ལས་སྤྲུལ། ངོ་མཚར་ལས་འདི་འགྲུབ་པར་གྱིས། དེ་ནས་སྲས་མཆོག་དེ་དག་གིས་ཀྱང་། ཧཱུཾ་དྷེ་དང་ཕཊ་ཕཊ
168a5 སྒྲ་མང་དུ་ཕྱུང་སྟེ། འཇིག་རྟེན་ཁམས་འདི་དག་གཡོས་རབ་ཏུ་གཡོས་སོ།། འཁྲུགས་རབ་ཏུ་འཁྲུགས་སོ།། བརྒྱལ་ལོ་རབ་ཏུ་བརྒྱལ་བར་གྱུར་ཏོ།། མྱོས་རབ་ཏུ་མྱོས་པར་གྱུར་ཏོ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཤིན་ཏུ
168a6 མཚར་སྐྱེས་ཏེ། ཨེ་མཧོ།། ཐུགས་ཀྱི་སྲས་མཆོག་ཅེས་བསྟོད་ཅིང་། བདེ་བར་གཤེགས་པ་དེ་དག་གིས་ཀྱང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱ་རྠ་ཀོ&ཧ~ཾ་ཞེས་བྱ་བ་ལ་སོགས་པ་དང་། ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་དབང་བསྐུར་རོ།། དེན
168a7 སྲས་ཚོག་དེ་དག་གིས་ཀྱང་། ལྕབ་ལོག་པས་ཟིན་པའི་དྲེགས་པ་ཅན་དེ་དག་ཐམས་ཅད་དྲག་པོའི་སྟེང་སྐཔས་ཀྱིས་བསླལ་ཏེ། མགོ་བཅིད་སྙིང་ཕྱུང་ཡིན་ལག་ཟིགས་ཏེ། ལུས་གཙོ་བའི་གདན་དུ་ཕུལ་ལོ།། རྣམ་པར་ཤེས་པ་འོག་མིན་དུ་འཕང་ངོ་།། ཤཾ
iiif viewer powered by OpenSeadragon
167b - 168b