| | e-texts navigator
|
167a1 ཡབ་ཀྱི་ནམ་ག། སྦྲུལ་དྲ་ཐོང་ཆུས་ཀྱིས་བརྒྱན་པ། དྲོག་ལ་། དཔུང་ཅན་དང་། མཐུར་ཆུ་དང་། སྟན་ཅདང་། ས་མདས་པརྙན་ཏེ། ཐབས་དང་ཤས་དབུགཉིས་སུ་མད་པ་དྨ་བཟུགས་སོ།། དེ་ཞིན་གཞ
167a2 པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་རྡོ་རྗེ་བཀོད་པའི་ཆུད་ལས། རིགས་ཀྱི་ཁྲོ་བོའི་ལེའུ་སྟེ་དགུ་པའོ།། ། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ། ཞེ་སྡང་རྡོ་རྗེས་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཡབ་ཡུམ་གཉིས་སུ
167a3 མེད་པར་ཆགས་པའི་དོན་ལ་བསྐུལ་ཏེ། ཡྀབ་ཀྱིས་བསྐུལ་བ་ས་མ་ཡཱ་ཧོ།། ཡུམ་གྱིས་བསྐུལ་བ་སྔ་མ་ཡ་སྟྲཻ་རཱ་གོ་ཧ~ཾ། རཱ་ག་ཡཱ་མི། ཡབ་ཡུམ་གཉིས་སུ་མེད་པར་གྱུར་ཏེ། པཛྲ་ཡོ་གཱི་ས་མ་ཡ་པྲ་བེ་ཤཱ་ཡཱ་ཕཊ། ཡབ་ཀྱི་བྱང་ཆུབ་སེམས་ཡུམ་གྱི་མཁར་བང
167a4 ཏེ། ཡུམ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར་ཏེ། ལན་ཅིག་འབྲོས་པས་ཁྲོ་བོ་འཚོལ་པའི་རང་བཞིན་དུ་གྱུར་ཏོ།། ཧཱུ~ཾ་ཏྲཱ~ཾ་དྷི་བི་ཤྭ་ཀྲོ་བྷཛྭ་ལ་མཎྜལ་ཏ་ལ་ཧ་ལ་ཧྲཱི་ཕཊ། ཅེས་བརྗོད་པས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ལྷག་གིས་ཁེངས་པར
167a5 ཏོ།། དུར་ཁྲོད་ཀྱི་བདག་པོ་མརྦཾ་ཀ་རཱུ་ཏྲ་དང་། ཨ་ཀར་ཤ་རཱུ་ཐ། ཁཐང་ཀ་རུ་ཏྲ་རཱུ་ཏྲ་ལ་སོགས་པ། ཉོན་མོངས་པའི་ཁ་ལོག་པར་བལྟས་པའི་སེམས་ཅན་དེ་དག་ཐམས་ཅད་བསྐལ་ཞིང་རྩད་བཅད་དོ།། སླར་དེ་དག་ཐམས་ཅད་ཡུམ་གྱི་བྷ་ག་ལ་བསྡུས་ཏེ། འོད
167a6 ཕྱོགས་བཅུར་འཕྲོས་པས། དེས་ཕྱོགས་བཅུའི་དྲེགས་པ་ཅན་ཐམས་ཅད་བསྒྲལ་ཏེ། དེའི་སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་འཐོན་ཏེ། ཤར་ཕྱོགས་སུ་ཁྲོ་བོ་རྣམ་པར་རྒྱལ་བ་དང་། ཡུམ་མདའ་བསྙེམས་མ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པ་ཞབས་བཞི
167a7 དང་ལྡན་པའོ།། དུར་ཁྲོད་ཆས་ཀྱིས་བརྒྱན་པ། བརྒྱ་བྱིན་གྱི་གདན་ལ་བརྒྱད་བསྐུམ་དུ་བཞུགས་པའོ།། ལྷོ་ཕྱོགས་སུ་ཁྲོ་བོ་གཤིན་རྗེའི་གཤེད་པོ་དང་། ཡུམ་དུར་ཁྲོད་ཀྱི་བདག་མོ་གཉིས་སུ་གྱུར་ཏེ། དབུ་གསུམ་ཕྱག་དྲུག་པའོ།། ཞབས་བཞི་དང་ལྡན་པ།
iiif viewer powered by OpenSeadragon
166b - 167b