e-texts navigator
Collection
Volume
Page
Wylie

166a1 གཤེགས་པའི་རིགས་སུ་སངས་རྒྱས་པར་གྱུར་ཏོ།། སྟོ་སོག་ཁ་གདེངས་པའི་དཀྱིལ་འཁོར་དུ། རིན་པོ་ཆེའི་རིགས་ཀྱི་ཁྲོ་བོ་ཐམས་ཅད་སུ་མདོག་སེར་ནག། ཞལ་གསུམ་ཕྱག་དྲུག་པ། སྨད་དྲག་པོའི་རང་བཞིན་ཕུར་བུ་ཟུར་གསུམ
166a2 དུ་གནས་པ། ཞལ་ནས་ཕུར་པའི་འཛབ་ཟློས་ཤིང་། ཀཱི་ལ་ཡ་སེར་ནག་ཏུ་འཕྲོས་པས། ང་རྒྱལ་ཅན་གྱི་ཚོགས་ཐམས་ཅད་ཟད་ཅིང་སྟོངས་པར་མཛད་དེ། ང་རྒྱལ་ཅན་ཐམས་ཅད་རིན་པོ་ཆེའི་རིགས་སུ་སངས་རྒྱས་པར་གྱུར་ཏོ།། ནུབ་ཟླ་ག་མ་གདེངས་པའི
166a3 དཀྱིལ་འཁོར་དུ། པདྨ་རིགས་ཀྱི་ཁྲོ་བོ་ཐམས་ཅད་སུ་མདོག་དམར་ནག། ཞལ་གསུམ་ཕྱག་དྲུག་པ་སྱེ། སུ་སྨད་དྲག་པོའི་རང་བཞིན་ཕུར་བ་ཟུར་གསུམ་པ་སྟེ། ཞལ་ནས་ཕུར་པའི་འཛབ་ཟློས་ཤིང་། ཀཱི་ལ་ཡ་དམར་ནག་ཏུ་འཕྲོས་པས། འདོད་ཆགས
166a4 ཀྱིས་ཉེན་པའི་སེམས་ཅན་ཐམས་ཅད་སྟོངས་ཤིང་ཟད་པར་མཛད་དེ། འདོད་ཆགས་ཅན་ཐམས་ཅད་པདྨའི་རིགས་སུ་སངས་རྒྱས་པར་གྱུར་ཏོ།། བྱང་གྲུ་བཞི་གདེངས་པའི་དཀྱིལ་འཁོར་ནས། ལས་ཀྱི་རིགས་ཀྱི་ཁྲོ་བོ་ཐམས་ཅད་སུ་མདོག་ལྡང་ནག། ཞའ་གསུམ
166a5 ཕྱག་དྲུག་པ། སྲུ་སྨད་དྲག་པོའི་རང་བཞིན་ཕུར་པ་ཟུར་གསུམ་པར་གནས་པ། ཞལ་ནས་ཕུར་པའི་འཛབ་ཟློས་ཤིང་། ཀཱི་ལ་ཡ་ལྗང་ནག་ཏུ་འཕྲོས་ཏེ། ཕྲག་དོག་གིས་ཉེན་པའི་སེམས་ཅན་ཐམ་ཅད་རྩད་བཅད་སྟེ། ཕྲག་དོག་གི་གནས་སྟོང་ཏྲེ། ཕྲག་དོག་ཅན་ཐམས་ཅད་པས
166a6 ཀྱི་རིག་སུ་སངས་རྒྱས་པར་གྱུར་ཏོ།། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རང་བཞིན་དུ་གྱུར་ཏོ།། ཧྲཱིཿཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་བ་ནས། ཀེང་རུས་རི་རབ་ཆེན་པོ་བརྩེགས་པའི་སྟེང་།། རྡོ་རྗེ་བྲག་ཆེ་ན་གཏམས་པའི་ས་གཞི་ལ།། དུར་ཁྲོད་ཆེན་པོ
166a7 འབར་བའི་གཞལ་ཡས་ཁང་།། སུས་ཀྱང་མ་བྱས་ཡེ་ནས་ཚད་ལས་འདས།། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས།། དྲེགས་པ་ལྷ་ཆེན་བསྣོལ་བའི་ཁྲི་སྟེངས་སུ།། ཉི་ཟླའི་གདན་བཤམས་པདྨ་གེ་སར་བཅས།། འཇིགས་བྱེད་དཔལ་ཆེན་ཚོགས




iiif viewer powered by OpenSeadragon

165b - 166b

Texts on this page

Gdg021.19 - phur pa rdo rje bkod pa rnal 'byor chen po'i rgyud