| | e-texts navigator
|
165b1 ན་བཟླས་པ་བྱ།། གཟུང་འཛིན་འགགས་པས་ཤེས་རབ་གསལ།། ཉི་མའི་འོད་ཟེར་ཚུལ་ལྟ་བུར།། དེ་ནི་ཕུར་བུ་བྱང་ཆུབ་སེམས།། ཨ་ནི་རང་བཞིན་འགག་འགྱུར་ཏེ།། ཨ་ཚུལ་མི་དམིགས་ནམ་མཁའ་སྟེ།། རང་བཞིན་གསལ་ལ་རྟོག་པ་མེད།། གཟུང
165b2 འཛིན་ཤེས་ཀྱིས་འགགས་གྱུར་ན།། གཞལ་ཡས་བྱང་ཆུབ་སེམས་ཞེས་བྱ།། གཞལ་ཡས་ཕུར་པ་བདག་གིས་ནི།། བྱང་ཆུབ་སེམས་ནི་སྲུབཅས་པའི།། གཉིད་ལོགསད་པ་ཅི་བཞིན་དུ།། ཡེ་ཤེས་རང་བཞིན་སྐུར་གྲུབ་པའི།། ལོངས་སྤྱོད
165b3 རྫོགས་སྐུར་འགྱུར་ཞེས་བྱ།། ཡེ་ཤེས་རླུང་སྟེ་རླུང་འོད་ཟེར།། སྣང་བ་འོད་ཀྱི་དཀྱིལ་འཁོར་ཏེ།། གཞལ་ཡས་སྤྲུ་ལ་ཡང་དེས་འགྲུབ་སྟེ།། ཡེ་ཤེས་པ་དང་རྡོ་རྗེ་འཛིན།། བཅུ་གསུམ་བགྲོད་པ་དེ་ཡིན་ཏེ།། དེ་ལས་སྤྲུལ་པ་རིམ་བཞིན་བཀྱེ།། དེ་བཞིན
165b4 གཤེགས་པ་ཐམས་ཅད་ཀྱི་སྒྲ་གསུང་ཐུགས་རྡོ་རྗེ་བཀོད་པ་ཆེན་པོའི་རྒྱུད་ལས། ས་དང་ལམ་གྱི་རིམ་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་རྒྱལ་པོ་ཞེ་སྡང་རྡོ་རྗེས་སྲས་རིགས་ཀྱི་ཁྲོ་བོ་འདི་སྟོན་ཏེ། གྲུ་གསུམ་མཆིང
165b5 ནག་འབར་བའི་དཀྱིལ་འཁོར་ན། རྡོ་རྗེའི་རིགས་ཐམས་ཅད་སྐུ་མདོག་མཐིང་ནག་ལ། ཞལ་གསུམ་ཕྱག་དྲུག་པ། སྐུ་སྨད་ཕུར་བུའི་ཚུལ་དུ། ཟུར་གསུམ་དུ་བཞུགས་པ། ཞལ་ནས་ཕུར་པའི་འཛབ་ཟློས་ཤིང་། ཀཱི་ལ་ཡ་མཐིང་ནག་ཏུ་འཕྲོས་པས།
165b6 ཞེ་སྡང་དམྱལ་བའི་གནས་ཐམས་ཅད་སྟོང་ཤིང་ཟད་པར་མཛད་དེ། ཞེ་སྡང་ཐམས་ཅད་དང་རྡོ་རྗེའི་རིགས་སུ་སངས་རྒྱས་པར་གྱུར་ཏོ།། ཤར་ཟླུ་མ་ལ་འཁྱིལ་པའི་དཀྱིལ་འཁོར་ནས། དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་ཐམས་ཅད་སྐུ་མདོག་སྤུག་ནགཞལ་གསུམ
165b7 ཕྱག་དྲུག་པ། སྨད་དྲག་པོའི་རང་བཞིན་ཟུར་གསུམ་དུ་གནས་པ། ཞལ་ནས་ཕུར་པའི་འཛབ་ཟློས་ཤི་། ཀཱི་ལ་ཡ་སྤུག་ནག་ཏུ་འཕྲོས་པས། གཏི་མུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་སྟོངས་པར་མཛད་དེ། གཏི་མུག་ཅན་ཐམས་ཅད་དེ་བཞིན
iiif viewer powered by OpenSeadragon
165a - 166a