e-texts navigator
Collection
Volume
Page
Wylie

163b1 དངོས་པོ་མེད།། ཐམས་ཅད་དབྱེད་མེད་བྱིངས་སུ་གཅིག། འཁྲུལ་པའི་བྷ་སྐད་མེད་ཡང་མེད།། བདག་ཉིད་ཕུར་པའི་རང་བཞིན་ལས།། གཞན་དུ་འདོགས་པ་འཁྲུལ་པའི་ལམ།། གྲངས་ཀྱིས་བགྲང་དྲུག་ལ་ཡོད།། ཆོས་ཉིད་གཅིག་ཏུ་གནུས་པ་ལ།།
163b2 གྲངས་ཀྱིས་བགྲངས་ནགོ་ལས་ཡིན།། ཕུར་བའི་རང་བཞིན་དག་པ་ལ།། མིང་ཙམ་གཞན་ལ་བརྟེན་མི་བྱ།། རང་གི་རང་བཞིན་རྟོགས་པར་གྱིས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། བལྟ་བའི་ལེའུ་སྟེ
163b3 གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས་ཕུར་པ་བྱང་ཆུབ་སེམས་ཀྱི་དོན་འདི་གསུངས་སོ།། ཕུར་པ་བྱང་ཆུབ་སེམས་ཀྱི་རྟགས།། བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས།། སྲིད་གསུམ་འཁོར་བ
163b4 གདར་ཤ་གཅོད།། མ་བཏབ་བཞིན་དུ་ལྷུན་གྱིས་རྫོགས།། མཉམ་པའི་རྒྱལ་པོ་རིག་པས་གདབ།། ཕུར་པ་ཆོས་ཀྱི་དབྱིངས་ཀྱི་རྟགས།། གཞན་དུ་གདབ་པའི་གནས་མེད་ཀྱི།། རང་བཞིན་བྱང་ཆུབ་སེམས་ལ་གདབ།། ཕུར་བུ་འཛིན་ཆགས་མ་ངན
163b5 འདས།། གཟུང་འཛིན་རྣམ་རྟོག་ཉིད་ལ་གདབ།། ཕུར་བ་དངོས་པོ་ཀུན་དང་བྲལ།། དངོས་མེད་སེམས་ཀྱི་ཕུར་པ་ཡིས།། དངོས་པོ་ཕྱིན་ཅི་ལོག་ལ་གདབ།། གདབ་དང་མི་གང་བ་བརྗོད་པའི་མཐའ་ལས་འདས།། ཕུར་པ་སྐྱེ་བ་མེད་པའི་དོན།། སྐྱེ་མེད
163b6 སྲེ་མོས་ཀྱི་ཕུར་པ་ཡིས།། སེམས་ལ་བཏབ་པས་རིག་པ་ཤད།། དབྱིངས་ལ་བཏབ་པས་ལྷུན་གྱིས་གྲུབ།། གཉིས་སུ་མེད་པ་བརྡལ་བའི་དང་།། ཁྱབ་གང་ལ་ཆེན་པོའི་ཕུར་པ་ཡིས།། སྣད་སྲིད་ཀུན་ལ་ཁྱབ་པར་གནས།། དེ་ལྟར་རྟོགས་ན་ཐེབས་པ
163b7 ཡིན།། མངོན་དུ་གྱུར་ན་རྟོགས་པ་ཡིན། ཚིག་ལས་འདས་ན་སངས་རྒྱས་ཡིན།། གྲངས་ལས་འདས་ན་བརྗོད་དུ་མེད།། གཅིག་དང་གཉིས་སུ་དབྱེ་རུ་མེད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི




iiif viewer powered by OpenSeadragon

163a - 164a

Texts on this page

Gdg021.19 - phur pa rdo rje bkod pa rnal 'byor chen po'i rgyud