| | e-texts navigator
|
161a1 རྟོག་པའི་ལེའུ་སྟེ་བཅུ་དྲུག་པའོ།། ། རྫོགས་སོ།། རྒྱགར་གྱི་མཁན་པོ་ཛྙཱན་གརྦྷ་དང་། བོད་ཀྱི་ལོ་སྒྲུབ་པརྗེ་པོར་ཙ་ནུས་བསྐུར་བ་ལས། ཁྲུས་སྤྱང་གས་བཅད་ཀྱུས་ཕབ་པལ།། ། སི
161a2 རྒྱ་གྲར་སྐད་དུ། བཛྲ་དྷ་ར་མ་ཧཱ་ཕྱོག་ཏཱནྟུ་ཀཱི་ལ་ཡ་ནཱ་མ། བོད་སྐད་དུ། ཕུར་བ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད། དཔལ་ཧེ་དྲུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས
161a3 འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེ་ཏོག་མིན་གྱི་གནས། གྲུ་གསུམ་མཐི་དྲ་ནག་དབར་བ་མཐའ་དང་དབུས་མེད་པ། ཡུམ་གྱི་རྟ་གར་བཞུགས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྦྱང་ང་གསུང་དང་ཐུགས་ཀྱི་བདག་ཉིད། བྱང་ཆུབ
161a4 སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ། འཁོར་གྱི་ཚོགས་རྒྱ་མཚོ་དང་བཅས་པས་ཞུས་པ། བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་བདག་ཅག་རྣམས་ལ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དོན་གཅིག་ཏུ་ཞུ་ཞེས
161a5 གསོལ་པ་ལས། བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཞུས་པ་ལེགས་སོ།། འདི་ལྟ་སྟེ། གསང་སྔགས་ཀྱི་དོན་འདི་ངས་བཤད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན
161a6 རྡོ་རྗེ་ཁྱོད་ཀྱིས་ཉོན་ཅིག། དེ་ལྔ་གྲུབ་པའི་འབྲས་བུ་ཚེ་འདི་ཉིད་ལ་ཐོབ་པར་འདོད་པའི་རྣལ་འབྱོར་བྱས། ཡང་དག་པའི་དོན་འདི་ཤེས་པར་བྱ་སྟེ། དམ་ཚིག་དང་། ལྷ་བ་དང་། སྤྱོད་པའི་སྒོ་ནས། ཐམས་ཅད་བདེ་བ་ཆེན་པོའི་དོན་ལ་དགོད་པར
161a7 བྱའོ།། དེ་ལ་ཕུར་པའི་དམ་ཚིག་ནི། སྐབ་མཉམ་པར་རྟོགས་པ་དང་། སྤྱོད་པ་ཅི་ལ་ཡང་མི་སྙོམས་ཤིང་།། ཐབས་ཀྱིས་པོ་ལ་ཕན་བཞེད་པ།། དེ་ནི་མཚིག་མཆོག་ཏུ་གསུངས།། ང་ལས་འདས་ན་ལྟུང་བར་འགྱུར
iiif viewer powered by OpenSeadragon
160b - 161b