e-texts navigator
Collection
Volume
Page
Wylie

160a1 གྱི་སུམས་སུག་ཏུ་བྱིན་པསྐྱེད།། བུར་བ་ནི་ལྕོགས་བཞི་བྲོ་མོ་བརྒྱད་ཀྱིས་ནི།། རྣམ་ཤེས་ཚོགས་བརྒྱད་དུང་ཁྲོད་བརྒྱད་དུ་སྒྲོལ།། སྡུག་བསྔལ་བརྒྱང་པོགནས་སུ་བསྐྱལ་ནས་ཀྱང་།། བཅུ་དྲུག་ཏོམ་པའི་ཕོ་ཉར་ག
160a2 བྱིནྱ་བུ་སྐྱེད།། རྩེ་མོ་ཟླང་གསུམ་སྐུ་གསུང་ཐུགས་ཀྱི་དྲང་།། དྲུག་གསུམ་འཁྲོར་བའི་བཙོན་གོ་དུལ་ནས།། ལུས་ངག་ཡིད་གསུམ་བག་ཆགས་གཏན་སྦྱངས་ནས།། ས་གསུམ་ཟིལ་གྱིས་མནན་པའི་གཟི་བྱིན་བསྐྱེད།། མཾ་བཅོམ་ལྡན་གྱིས་གྲུབ
160a3 པའི་ཀཱི་ལ་ཡ།། ཞི་བས་སྤ་བཀོད་རྒྱས་པས་ཟིལ་གྱིས་གནོན།། དབང་གིས་མངོན་སུམ་དྲག་པོས་ཚད་གཅོད་པ།། གང་ལ་དམིགས་པའི་དགྲ་བགེགས་དྲུག་པར་བྱེད།། ཀཱི་ལཱ་ཡ་ཡིས་མཆོད་པ་བཞེས་སུ་གསོལ།། ཞེས་གསུངེས་སོ།།
160a4 རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། བསྟོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀཱི་ལ་ཡིའི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་གསང་བདག་ཕྱག་རྡོ་རྗེ
160a5 བསྒྲལ་བའི་རྫས་མཆོག་དམ་པ་ལ།། རྟེན་འབྲེལ་ནུས་པའི་རྫས་མཆོག་གིས།། བཏབ་ན་ཤིན་ཏུ་རླག་པར་འགྱུར།། དེས་ན་བྱུག་བདུག་བརྡེག་དང་གསུམ།། གཞུང་ལུས་འབྱུང་བ་དང་ཡིས་སྨྲས།། ཞེས་བཀའ་སྩལ་ཏོ།། དེ་ནས་བསྟོད་པའི
160a6 རྒྱལ་པོ་འདིས་ཆེད་དུ་བརྗོད་དོ།། དཱིཔྟ་ཙཀྲ་ཕུར་པའི་ལྷ།། དམར་པོ་གཅེར་བུ་རལ་པ་ཅན།། ཀུན་ཀྱང་ཁྲོ་བོ་ཆེན་པོ་ལ།། ཞལ་གསུམ་ཕྱག་ཀྱང་དྲུག་པ་སྐྱེ།། རལ་གྲིའི་སྒྲ་ལ་ཕུར་པའི་སོ།། ལྟེ་བ་ཡན་ཆད་ཚྭས་རྣམས་ནི།། ན་བཟང་རྡོ
160a7 རྗེ་གོ་ཆས་གཏམས།། ལྟེ་བ་མན་ཆད་ཆེས་རྣམས་ནི།། ཨུཏྤལ་སྔོན་པོའི་མདོག་འདྲ་བ།། འབར་བའི་ཕྲེང་བས་འཁྲིགས་པའི་འོད།། ལྕགས་ཀྱི་ཕུར་བ་ཟུར་གསུམ་པ།། བཏབ་ན་ལྷ་ཡང་རླག་པའི་ཕྱིར།། གནོད་བྱེད་བགེགས




iiif viewer powered by OpenSeadragon

159b - 160b

Texts on this page

Gdg021.18 - rgyud kyi rgyal po rdo rje phreng ba