| | e-texts navigator
|
158a1 ཅེས་པ་གང་པ་གསུངས།། ཏྱཱ་ཐཱ་པ་ནི་ཇི་ལྟར་ལགས།། ཧཱས་བྷ་བ་དགོངས་པའིའདོན།། བྷིནྟ་བྷ་བ་ལ་སོགས་པ།། གཟིང་མནན་གསུང་བའི་དོན་བཀའ་སྩལ།། གསང་བང་ཡིས་ཞུས་ས་འཚལ།། སྤེལ
158a2 ཡ་ཡིས་བཤད་དུ་གསོལ།། ཞེས་ཞུས་པས། ལེགས་སོ་གསང་བའི་བདག་པོ།། ཁྱོད་ཡིད་ཡང་དག་པར་སོམས་ཤིག། དེ་ཡིས་བཤད་པར་བྱའོ།། ཨཱ་ཝེ་ཤ་ཡིས་དགུག་པར་བྱ།། ཤི་བྷིན་ཅེས་པས་བཅིང་པར་བྱ།། ཙཱ་ལ་ཅེས་པས
158a3 གཟིང་བར་བྱ།། ཏ་ཐཱ་ཡ་ཡིས་མངག་པར་བྱ།། ཧ་ས་ཞེས་པས་དབྱེ་བར་བྱ།། བྷིནྡ་ཞེས་པས་གདས་པར་བྱ།། དེ་རྣམས་སྟོང་སྟོང་ཚང་བ་དང་།། བྲམ་ཟེའམ་ནི་ཡང་ན་ནཱི།། སྟོང་པར་འདོད་པའི་རྣལ་འབྱོར་པས།། གདོལ་པའི་ཁྱ
158a4 བསྲེགས་ན།། སྟོང་ཚིགས་ལས་ནི་དེར་བྱ་སྟེ།། སྨང་འཚོང་མ་ལི་ལུམ་རེ་རུ།། ཉི་དཀར་རྒྱལ་པོ་ཏོད་སྐྱེད་ལ།། རྣམ་སྣང་མཛོད་དང་མི་བསྐྱོད་པ།། ཁ་སྦྱར་དབུས་སུ་དྲིལ་ནས་སུ།། སྟོང་སྐྱོང་ཆུད་ནས་བརྡེག་པར་བྱ།། རྣལ་འབྱོར་དང
158a5 ཕྱག་ཆེན་པོ་ཡིས།། གཡོན་པའི་ལག་པ་མདའ་ལྟར་བརྐྱང་།། སོག་དྷ་མྱུར་རྒྱལ་པོ་གནམ་ལ་བསྟན།། ཐབས་དང་ཤེས་རབ་རྩེགས་པ་ཡིས།། ཧོར་དཀྱིལ་དུ་ནི་མདའ་བཞག་ནས།། ཏིང་འཛིན་སྟོབས་ཀྱིས་འཕང་བྱས་ཏེ།། རྣལ
158a6 འབྱོར་དཔའ་བོས་འདི་སྐད་བརྗོད།། ཧཱུ~ཾ་རྣལ་འབྱོར་གཙོ་ལ་མངའ་མཛད་པའོ།། རྐང་མེད་མཁའ་ལ་རྒྱག་ཅིང་འདྲིལ་བ་ཡི།། ཡུངས་ཀར་རྒྱལ་པོ་གསེར་གྱི་མདའ།། འབྲུ་གཅིག་ལས་ནི་ཁྲོ་བོ་སྟོང་འཕྲོས་པ།། རབ་ཏུ་སྲ་མཁྲེགས་རྡོ་རྗེའི
158a7 བྲག་སྦྲེངས་ན།། ཤིན་ཏུ་མི་བཟང་ཐོ་བོ་གཏུམ་རྔམ་ཚོགས།། དེ་དག་ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ།། འཇིགས་བྱེད་མཚོན་ཆ་མང་པོ་ཕྱག་ན་བསྣམས།། ཐུགས་ཀྱི་ཕོ་ཉ་མཆོག་ཡིན་ཏེ།། དོན་དུ་གཉེར་བའི་དགྲ་བགེགས་ཀུན།།
iiif viewer powered by OpenSeadragon
157b - 158b