| | e-texts navigator
|
157b1 ཕུང་པོའི་དཀྱིལ་ནི་ཙི་ཏྟ་གནས།། ཙིཏྟའི་དཀྱིལ་ན་འོད་ཚོན་གང་།། དེ་ཡི་དཀྱིལ་ན་ཉོན་མོངས་པ།། ཁྲག་གི་སྦལ་བ་ཆགས་པའི་གཞི།། བྱེའུ་ལེན་པའི་མགོ་ཙམ་ཞིག། དེ་ནི་རྩཝ་ཡི་རྒྱ་མདུད་ཡིན།། དེ་ནང་ཁྲག་གི་དངས་མ་སྟེ།། དངས་མ
157b2 དེ་ལ་དབུགས་ཀྱི་རྟ།། རྟ་དེ་ལ་ནི་ཤེས་པ་ཞོན།། དེ་ཚེ་བཀྲག་དང་གཟི་མདངས་དང་།། རྫི་བཅུད་ཐམས་ཅད་རྒྱ་འདྲ་བ།། ནང་ན་སྦས་ནས་འདུག་པ་སྟེ།། སྙིང་པོ་གསུམ་གྱིས་གཟིར་གནན་བྱ།། དེ་ནི་གཟུགས་ཅན་དགུ་ལའོ།། གཟུགས
157b3 མེད་བགེགས་ཀྱི་གནས་ལུགས་ནི།། དེ་ནི་གཟུགས་ཅན་མེད་ཕྱིར་དུ།། རྩལ་བརྟེན་པ་མ་ཡིན་ནོ།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ། ཀྱེ་ཀྱེ་སངས་རྒྱསྔ་འདྲ་བའི་སྟོན་པ་མེད།། དམ་ཆོས་འདྲ་བའི་སྒྲོལ་ཐབས
157b4 མེད།། དགེ་འདུན་འདྲ་བའི་སྒྲུབ་བྱེད་མེད།། གསང་སྔགས་འདྲ་བའི་མཐུ་སྟོབས་མེད།། འདི་ཡི་སངས་རྒྱས་ཇི་ལྟ་བུ།། དམ་ཆོས་མདོ་སྡེ་གང་གི་བཀའ།། སྒྲུབ་བྱེད་དགེ་འདུན་ཇི་ལྟ་བུ།། མཐུ་ནི་གསང་སྔགས་གང་གིས་བྱིན།། ཞེས
157b5 གསོལ་པས།། ལེགས་སོ་གསང་བའི་བདག་པོ་ཁྱོད།། འདི་ཡི་སངས་རྒྱས་ང་ཡིན་ནོ།། དུས་གསུམ་རྒྱལ་བའི་ཕུར་པའི་བདག། སྒྲོལ་བ་བླ་ན་མེད་པའོ།། གསུངས་སོ་ཅོག་ནི་ཕུང་པའི་ཆོས།། དགེ་འདུན་སྲུབ་བྱེད་ཀཱི་ལ་ཡ།། དམ
157b6 ཚིག་སྨད་བྱེད་སྒྲུ་པཱ་གཞི།། གསུངས་སོ་ཅོག་གི་བྱིན་རླབ་ནི།། གསང་བ་མཆོག་གི་ཀཱི་ལ་ཡ།། དེ་རྣམས་ཕུན་སྐྱམ་ཚོགས་པར་ནི།། བསྒྲུབས་ན་མི་འགྲུབ་གང་ཡང་མེད།། ཅེས་བཀའ་སྩལ་ཏོ།། རྒྱུད་ཀྱི་རྡུལ་པོ་རྡོ་རྗེ་ལྟེང་བ་ལས། གནན
157b7 གཟེར་སྙིང་པོ་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་བཛྲ་ཀཱི་ལ་ཡ།། ཨཱ་བེ་ཤ་ཡ་ཇི་ལྟར་ལགས།། ཤཱི་ཀྵིན་བྱ་བ་ཅི་ཡི་དོན།། ལ
iiif viewer powered by OpenSeadragon
157a - 158a