e-texts navigator
Collection
Volume
Page
Wylie

156a1 དབང་པོ་དྲུག་ལ་སོགས་པ་ལ།། གོ་རིམ་བྷུ་ཞིན་དུ་གདབ་པར་བྱ།། དུག་དང་སྐེ་ཚོ་ཡུངས་ཀར་དང་།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་།། གུ་གུལ་ཚིལ་ཆེན་རྒྱ་སྐྱེགས་སོ།། དེ་ནས་སྔགས་དང་ཕྱག་རྒྱ་དང་།
156a2 དོན་ཡོད་གྲུབ་པའི་ཕོ་བྲང་གིས།། གནོན་པའི་ལས་རྣམས་ཚུལ་བཞིན་བྷུ།། ཨོཾ་བཛྲཱ་ཡ་ཀ་ཀྲོ་དྷ་ཁ་ཁཱ་ཁ་ཏ་ཧ་ཧ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་ཕཊ། དེ་ནས་རྡོ་རྗེ་བསྔོན་གྱི།། སྔགས་དང་ཕྱག་རྒྱ་ཡང་དག་བྱ།། ཨཱ~ཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ཧ་ན། བ་ནྱ
156a3 བྷིནྡྷ་བྷིནྟ། ས་མ་ཡ་ཙིན་ལམ་བྷོ་ད་ར་ཨུ་ཙུཥྤ་ཀྲོ་དྷ་ཧཱུ~ཾ་ཕཊ། བསྐྱོ་བའི་ཚིག་གིས་བསྒོ་བར་བྱ།། ཨོཾ་བཛྲ་སུ་མ~ཾ་རུ་ཧཱུ~ཾ་ཧཱུ~ཾ་ས་མ་ཡ་སྟྭཾ། གསེར་གྱི་རི་རབ་ཆེན་པོ་ནི།། གྲུ་བཞི་ལྷམ་པའི་སྟེང་ཉིད་དུ།། དོན་ཡོང་གྲུབ་པ་འཁོར་བཅས་བསྒོམ།
156a4 དྲི་ལྟར་ལས་རྣམས་ཟིན་གྱུར་ནས།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས།། ཕུར་པའི་རྩེ་མོ་ཡར་བསྟན་ཏེ།། ལན་གསུམ་མགོ་ལ་བསྐོར་བྱས་པས།། ཁམས་གསུམ་ཐམས་ཅད་ཧཱུ~ཾ་གིསྭ་བཀང་།། སེམས་ཅན་དོན་བྱས་འཕགས་པ་མཆོད
156a5 རིམ་གྱིས་འདུས་པས་བདུན་ཚོ་གསུམ།། དེ་ཡང་གཅིག་ཏུ་འདུས་པ་ནི།། མན་ངག་དམ་པ་ཡིན་པའོ།། དེ་ཉིད་བསྡུ་བའི་མན་ངག་ནི།། སང་ཧ་ར་ཎ་ཧཱུཾ། བསྡུས་ནས་ནན་ཏན་བྱ་བ་ནི། རྣམ་གསུམ་ཚུལ་དུ་ནན་ཏན་བྱའོ།། དེ་ནི
156a6 དབང་བསྐུར་དམ་པ་ཡིན།། ཨཱཾ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨཽ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨཱིཾ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། དེ་ལྟར་ནན་ཏན་བྱས་གྱུར་ན།། གསོ་བའི་དམ་པ་ཁོ་ནའོ།། གསང་བའི་བདག་པོས་གསོ
156a7 པ།། ཨེ་མ་ཧོ་དཔལ་ཆེན་ཀཱི་ལ་ཡཾ། བསྒྲལ་བའི་སེམས་ཅན་ཇི་ལྟར་གསོལ།། ཀཱི་ལ་ཡི་ཡིས་བཤད་དུ་གསོལ།། ཀཱི་ལ་ཡ་ཡིས་བཀའ་སྩལ་བ།། ཉོན་ཅིག་གསང་བདག་ཕྱག་རྡོ་རྗེ།། ང་ཡི་ཡིད་ལས་བྱུང་བ་འདི།། ཆོས་ཉིད་ཀྱི་བདེ




iiif viewer powered by OpenSeadragon

155b - 156b

Texts on this page

Gdg021.18 - rgyud kyi rgyal po rdo rje phreng ba