e-texts navigator
Collection
Volume
Page
Wylie

154b1 བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བདེ་བར་གཤེགས་པས་བཤད་དུ་གསོལ།། ཀཱི་ལ་ཡཱ་ཡས་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཆོས་ཀྱི་སྐུའི་ཏིང་ངེ་འཛིན་ལ
154b2 སྙོམས་པར་ཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ་གསང་བའི་བདག། ཆོས་ཅན་རྣམ་པ་ཀུན་ཀྱང་ང་།། གཟུགས་དང་ཁ་དོག་རྣམ་པ་ང།། དབྱིབས་དང་རིང་བུང་རྣམ་པ་ང་།། ཀུན་རྫོབ
154b3 ཐ་སྙད་ཐམས་ཅད་ང་།། རྣམ་གྲངས་དོན་དམ་ཐམས་ཅད་ང་།། སྤོས་མེད་ཆོས་ཀྱི་སྐུ་ཡང་ང།། འདུས་བྱས་རྣམ་དག་ཡེ་ཤེས་པ།། འདུས་མ་བྱས་པའི་དངོས་པོ་ང།། མི་ཤིགས་རྡོ་རྗེ་ཆོས་ཉིད་ང་།། ཀུན་འདེབས་པ་ཡི་ཕུར་པང་།། མདོ
154b4 ཆོས་རྣམས་ཐམས་ཅདང་།། ཆོས་ཀྱི་སྐུ་ལས་མ་གཏོགས་པ།། སངས་རྒྱས་བྱ་བ་གུད་ན་མེད།། མདོར་ན་གཟུགས་སུ་རྣམ་གཉིས་ནི།། འགྲོ་བ་འདུལ་བའི་དབང་ཙམ་མོ།། མཚན་དང་དཔེ་བྱད་འདུལ་བའི་ཆོས།། ལས་དང་དཀྱིལ
154b5 འཁོར་སྤྲོས་པ་ཡིས།། རྨོངས་པ་འདུལ་བའི་དབང་དུ་བསྟན།། མདོར་ན་མ་དག་སེམས་ཅན་ལ།། སངས་རྒྱས་ས་དང་མྱལ་བའི་གནས།། སྔོ་སོར་བསྟུན་ཀྱང་མཐོང་བ་མེད།། འདོད་ཅིང་ཆགས་པའི་སེམས་ཅན་ནི།། ཡང་དག་དོན་གྱི
154b6 ཆོས་བསྒྲུབས་ཀྱང་།། ལྷ་གནས་གསུམ་ལས་ཡོངས་མི་འདའ།། ཆོས་རྣམས་ཀུན་གྱི་རྩ་བ་ནི།། གཞི་རྩ་མེད་པའི་སེམས་ཉིད་དོ།། ཆོས་རྣམས་ཀུན་གྱི་གཞི་ཡིན་ནོ།། དེ་རྫོགས་རང་བྱུང་ཡེ་ཤེས་ནི།། བཙལ་མི་དགོས་པར་རང་ལ་གནས།
154b7 རྟོགས་ན་མངོན་སངས་རྒྱས་པ་ཡིན།། སངས་རྒྱས་གཞན་ལ་དག་མི་ལུས།། མ་རྟོགས་པ་ཡི་སེམས་ཅན་ནི།། དམུས་ལོང་ཉི་མ་ལྟ་བུ་ཡིན།། སེམས་ཅན་སངས་རྒྱས་རྒྱུ་ཡིན་ཏེ།། བྱ་བ་ཙལ་མེད་ན་འཁོར་བའི་རྒྱུ།། དཔེར་ན་ངོ་མ་མར




iiif viewer powered by OpenSeadragon

154a - 155a

Texts on this page

Gdg021.18 - rgyud kyi rgyal po rdo rje phreng ba