e-texts navigator
Collection
Volume
Page
Wylie

154a1 འབྱུང་གྱུར་ཏེ།། དེ་ནས་དྲོད་ཚད་དང་པོ་ནི།། བྷིག་པྟ་ལྟ་བུ་མཐོང་བ་དང་།། དྲུ་བ་ལྟ་བུ་མཐོང་བ་དང་།། སྲིན་བུ་ལྟ་བུའི་མཚན་མ་དང་།། མར་མེ་ལྟ་བུའི་མཚན་མ་དང་།། ནམ་མཁའ་བཞིན་དུ་དངས་པ་ནི།
154a2 རྫོགས་ན་ཆོས་སྐུ་བདེ་བ་ཆེ།། ཡེ་ཤེས་སུ་མཆོག་དེ་ཉིད་ལས།། ཟླ་བ་དྲུག་དང་བཅུ་གཉིས་དང་།། བཅོ་བརྒྱད་དག་གིས་འགྲུབ་པར་འགྱུར།། གང་ཚེ་དེས་ཀྱང་མ་གྲུབ་ན།། དྲག་ཤུལ་ཚུལ་གྱིས་བསྲུབ་པར་བྱ།། ཞེས་སྒྱུ་མཚོན་པོ། བདག
154a3 གིས་གསུངས་སོ།། ཇི་ལྟར་བློ་ནི་དམན་གྱུར་ཀྱང་།། མི་ཚེ་འདི་ཡིས་འགྲུབ་པ་ཡིན།། གདོན་མི་ཟ་བར་ཐེ་ཚོམ་མེད།། ཅེས་སྨྲས་པའོ།། སྒྱུ་མ་ཆེན་པོའི་ཐབས་མཆོག་སྟེ།། འདི་ནི་རྒྱལ་བ་ཐམས་ཅད་ཀྱི།། སྐྱེད་པའི་ཞིང་དུ་རྣམ་པར་གྲགས།
154a4 དམ་པ་གསང་ཆེན་གྱི་རྒྱང་ཆེན་པོ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ལས། གསང་བའི་མན་ངག་མཆོག་གི་ཐབས་ཆེན་པོ་ལས་མན་ངག་གི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ཨ་ལ་ལ་ཉོ་དཔའ་བོ་ཆེན་པོ
154a5 ཁྱོད་ནི་སངས་རྒྱས་ཀུན་གྱི་རྗེ་བཙན་ནོ།། སངས་རྒྱས་ཀུན་གྱི་གདུང་ངོ་།། སངས་རྒྱས་ཀུན་གྱི་ལམ་མོ།། སངས་རྒྱས་ཀུན་གྱི་བདག་པོའོ།། ཞེས་གསོལ་ནས། སངས་རྒྱས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ཆེན་པོ་ཁྱེད་ལ། བདག་ཅག་ཏུ
154a6 བར་འཚལ་ལོ།། ཡང་དག་པར་ཞུ་བར་འཚལ་ལོ།། རྗེ་བཙན་ཁྱོད་ཀྱིས་བཀའ་སྩོལ་ཅིག། བཅོམ་ལྡན་འདས་གཟུགས་དང་ཁ་དོག་གང་ལགས། དབྱིབས་དང་རིང་བུང་གང་ལགས། ཀུན་རྫོབ་བྱ་བ་གང་ལགས། དོན་དམ་བྱ་བ་ཅི་ལགས།
154a7 ཆོས་ཉིད་བྱ་བ་ཅི་ལགས། ཡེ་ཤེས་བྱ་བ་གང་ལས་གྲུབ་པ་ལགས། འདུས་བྱས་ཀྱི་དངོས་པོ་གང་ལགས། འདུས་མ་བྱས་ཀྱི་དངོས་པོ་གང་ལགས། རྡོ་རྗེ་བྱ་བ་གང་ལགས། ཕུར་པ་བྱ་བ་ཅི་ལགས། དེ་རྣམས་ཀྱི་དངོས་པོ་ཅི་ལགས།།




iiif viewer powered by OpenSeadragon

153b - 154b

Texts on this page

Gdg021.18 - rgyud kyi rgyal po rdo rje phreng ba