| | e-texts navigator
|
153a1 ཀྱི་སྐུ་ཡི་བདག་ཉིད་ལས།། གསུམ་པ་ཤེས་རབ་ཡེ་ཤེས་དབང་།། ཐུན་མོང་མཚན་དང་ལྡན་པ་ཡིས།། རྣམ་པ་གཉིས་སུ་གྱུར་པས་ན།། ཕྱོགས་མཚམས་དག་ནི་རིགས་རྣམས་ཀྱིས།། ས་བོན་ཉིད་ཀྱིས་མཚན
153a2 པ་ལྔ།། ལྟེ་བར་ཨཱིཾ་ཡིག་རྣམ་པར་བསམ།། སྡུག་བསྔལ་བདག་ཉིད་ལྡན་པས་ན།། སྤྲུལ་པས་དོན་མཛད་རྣམ་པར་དག། བཞི་པའི་དོན་ཉིད་ཡིན་པའི་དབང་།། དྲང་པོ་མདོ་རྒྱུད་ཉན་པའི་དབང་།། བུམ་པའི་དབང་དུ་ཡང་དགྲ་གསུངས།།
153a3 གཉིས་པ་དམ་རྫས་བརྟེན་པའི་དབང་།། གསང་བའི་དབང་དུ་ཡང་དག་གསུངས།། གསུམ་པ་ཉམས་སུ་མྱོང་བའི་དབང་།། ཤེས་རབ་ཡེ་ཤེས་དབང་དུ་གསུངས།། བཞི་པ་དེ་རྣམས་སྨིན་པའི་དབང་།། བདེན་པ་བཞི་ཡི་བྱེ་བྲག་གིས།
153a4 དང་ཡེ་ཤེས་རྣམས་ལྡན་པའོ།། དེ་ལྟར་རྫོགས་པའི་བྱིན་རླབས་ཀྱིས།། ཡན་ལག་བཞི་ཡི་རང་བཞིན་དང་།། སྙིང་པོ་ཕྱག་རྒྱ་སྔགས་རིགས་དང་།། ཆོ་འཕྲུལ་བཞི་རྣམས་ལྡན་པས་ན།། དགོས་དོན་འབྲེལ་བར་རབ་གྲུབ་པའོ།། རིམ་པ་གཉིས་དང
153a5 རབ་ལྡན་ཞིང་།། བརྗོད་བྱ་ཐམས་ཅད་འདུས་པ་ཡིན།། ལུས་ཀྱི་རྩ་ནི་ཇི་སྙེད་པ།། སུམ་བརྒྱ་དྲུག་ཅུད་ལྡན་པ་ལ།། བདག་པོ་བཅུ་དྲུག་བསྟན་པ་ཡིན།། དེ་ཉིད་གསུམ་གྱི་བདག་པོ་ལྷ།། ཐབས་དང་ཤེས་རབ་བདེ་ཆེན་རྩ།། དེ་ནི་རྣམ་པ་གསུམ
153a6 དུ་འདུ།། བདུད་རྩི་ལྔ་ཡི་དངས་མབས།། བདུད་རྩི་ལྔ་ནི་འབྱུང་བར་བྱེད།། དེ་ཉིད་བདུད་རྩི་ལྔར་འགྱུར་རོ།། འབྱུང་བ་ལྔ་ཡི་རང་བཞིན་དང་།། ཁ་དོག་ལྔ་ཡི་རང་བཞིན་གྱིས།། གྱེན་དང་ཐུར་དུ་རྒྱུ་བའི་རླུང་།། སྲོག་དང་རྩོལ་བ་ཞེས་བཤད་དེ།།
153a7 རྣམ་པ་བཅུ་པ་གཉིས་སུ་འགྱུར།། དེ་ཡི་འབྱུང་བའི་རིམ་པ་ཡིན།། གསང་བའི་གནས་ནི་ཐམས་ཅད་དུ།། སྔགས་ཀྱི་དེ་ཉིད་ཡང་དག་འཇུག། ཟུང་འཇུག་ཏིང་འཛིན་ལ་གནས་པས།། སེམས་ལ་དམིགས་པ་ཐོབ་བྱེད་དེ།། གང་དུ་བསླབ་པར།
iiif viewer powered by OpenSeadragon
152b - 153b