| | e-texts navigator
|
151b1 འདུལ། གཡོས། ལྡེག། རབངྒ། ཆེས་ཆེས། རྦ་དྷ། ཐག་ཟུག་གི་སྒྲ་ཆེན་པོས་བདུད་དྷ་ཏྲལ་སོགས་པ་ཐམས་ཅད་དུས་གཅིག་ཏུ་བརྒྱལ་ནུས། གན་བུབཎྜ་འགྱེལ་ནས་ཁྲག་ཏུ་སྔགས་སོ།། དེ་ནས་དེ་དག་མི་དུས་པཞི་ང
151b2 ལངས་ནས། གཅིག་གིས་གཅིག་ལ་དྲིས་པས། སུས་ཀྱང་མ་ཤེས་སོ།། དེར་དེ་དག་ཐམས་ཅད་ཐེ་ཚོམ་གྱི་དབར་ཚུད་ནས། འདི་སུའི་མཐུ་ཡིན། སུའི་བྱིན་གྱིས་བརླབས་པ་ཡིན། སུས་བཏང་བ་ཡིན། འདྲི་འུ་ཅག་གིས་སུ་ལ་འདྲི། འདི
151b3 ཡཱིསྭ་ལུ་ཅག་ལ་གནོད་པ་ཆེན་པོ་བྱེད་པ་མཱིན་ནམ། ཞེས་གཅིག་གིས་གཅིག་ལ་དྲིས་པུས། དེ་རྣམས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དཔལ་ཕྱག་ན་རྡོ་རྗེའི་སྐུར་སྤྲུལ་ནས། ལྷག་གཡས་པ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་བསྡམས་ཏེ།
151b4 འདི་ནི་དེའི་མཐུའོ།། འདི་ནི་ངའི་བྱིན་གྱིས་བརླབས་སོ།། འདི་ནི་ངས་བཏང་པོ་ཡིན་ནོ།། འདི་ནི་ཁྱེད་ཀྱི་བདུད་ཡིན་པས། ཁྱོད་ཀྱང་བསྟན་པ་ལ་གནོད་པ་མ་བྱེད་ཅིག། ཅེས་བསྒོ་བས། སྲིན་པོ་དེ་རྣམས་ཀྱིས་བསྙད་ནས། གལ་ཏེ་ཁྱོད་པས
151b5 ལྷག་གཞན་པ་སུ་ཡོད་དྲིས་པས། གསང་བའི་བདགྲ་བོས་བཀའ་སྩལ་པ། རབས་ཀྱང་ལྷག་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་སྲས་མཆོག་ཏུ་གྱུར་པ་དཔལ་རྡོ་རྗེ་གཞོན་ནུ་བྱ་བ་ནི། ཆོས་དྲབས་ཀྱའི་ལྷག་པ་ཡིན་ནོ།། ཞེས་པས།
151b6 རྣམས་ཀྱིས་སྦས་པ། ཀྱེ་ལ་མ་མཐོང་འཇིགས་པའི་རྗེ་བཙོན་ཁྱོད། ཁྱོད་པས་ལྷག་པ་ཡོད་ན་ནི། བདགྲ་ཅག་རྣམས་ནི་བརྒྱལ་ནས་འཆི།། ཞེས་སྨྲས་པས། བསྤུ་ལངས་ནས་གན་བུབ་ཏུ་སོང་ངོ་།། དེ་ནས་རྡོ་རྗེ་གཞོན་ནུས་ཕྲིན་ལས
151b7 རྣམ་བཞིའི་སྔགས་བརྗོད་པས། གཅིག་དང་གཉིས་མ་ཡིན་པ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བཅིབས་ཀྱང་འགུལ་ཞིང་གཡོ་བའི་བ་སྤུའི་བུག་ནས། བྱེ་བདུད་ཕྱུར་ཙམ་གྱི་ཁྲོ་བོའི་སྤྲུལ་པ་ཡང་སྤྲུལ་བྱུང་ངོ་།། དེ་རྣམས་ཀྱིས་འཇིག་རྟེན
iiif viewer powered by OpenSeadragon
151a - 152a