e-texts navigator
Collection
Volume
Page
Wylie

151a1 རྔོརྣམས་ས་དང་། དོང་དུམ་དདུ་བདག་མོ་དང་། དེ་དགནམ་མོ་དང་། དང་བསྒྲལ་བྱེད་པ་དང་། སྡེར་མོ་དང་། རྡོརྟག་ཏུན་བྱུང་མ་དང་། དོན་མདུ་ང་སྙེམས་མ་དང་། རྗེགསོང་མ་དང་། དོན་བརྩོད་མ་དང་། ག
151a2 སུ་མེད་པར་བཞུགས་པ་དེ་རྣམས་ཀྱི་སྤྲུལ་པ་ཡང་། བྱང་ཆུབ་ཀྱི་སེམས་དཀར་དམར་ལས་གྲུབ་པའི་ཕྲ་མེན་མ་སྟེ། ཕག་གི་མགོ་ཅན་དང་། སྟག་གི་མགོ་ཅན་དང་། ཤ་བའི་མགོ་ཅན་དང་། བྱེ་ལའི་མགོ་ཅན་དང་། སེང་གེའི་མགོ
151a3 དང་། གཡག་གི་མགོ་ཅན་དང་། གཟིག་གི་མགོ་ཅནྡ་དང་། སྤྱང་ཀིའི་མགོ་ནན་དང་། དྲེད་ཀྱི་མགོ་ནྡན་དང་། དོམ་གྱི་མགོ་ཅན་དང་། སྨིག་བུའི་མགོ་ནྡན་དང་། བྱ་རྒོད་ཀྱི་མགོ་ཅན་དང་། འུག་པའི་མགོ་ཅན་དང་། པུ
151a4 ཀྱི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་དང་། ཁྭ་ཏའི་མགོ་ཅན་དང་། ཁྭའི་མགོ་ཅན་དང་། སྐེ་མོའི་མགོ་ཅན་དང་། བྱི་ལའི་མགོ་ཅན་ལ་སོགས་པ་རྣམས་དང་། ཡང་སྦྲུལ་དང་། སུམ་སྤྲུལ་ལ་སོགས
151a5 འཕྲུལ་འབར་བའི་ཚོགས་ཀྱིས་དཔལ་རྡོ་རྗེ་གཞོན་ནུ་དེ་ལ་བསྐོར་བས་དཀྱིལ་འཁོར་གྱི་བདག་པོར་བཞུགས་སོ།། དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་ཆོ་འཕྲུལ་འབྱུང་བ་འདི་ཇི་ལྟར་ལགས། ཞེས་གསོལ་བ་དང་། ཀཱ་ལ་ཡས་བ
151a6 སྤྲུལ་པ། ལེགས་སོ་གསང་བའི་བདག་པོ་ཁྱེད།། གང་གི་དོན་དུ་ཁྱེད་ཀྱིས་ཞུས།། ཞེས་བཀའ་སྩལ་ཏོ།། གསང་བའི་བདག་པོས་གསོལ་པ། གདུག་རྩུབ་རྣམས་ལ་ཕན་དོན་དུ།། ཁྱོད་ཀྱིས་བཀའ་སྩོལ་བདག་གིས་ཉན།། ཞེས་པས
151a7 ཏྲཻལ་ལ་ཆེན་པོས་ཞེ་སྡང་གི་འཛུམ་གྱིས་ཐམས་ཅད་དུ་བལྟས་པས། ཀཱི་ལ་ཡའི་ཨག་ཆོམ་ལ་སོགས་པ་བ་སྤུའི་བུག་ཐམས་ཅད་ནས། རྡོརྗེ་ཕུར་བུའི་སྤྲུལ་པ་དཔག་ཏུ་མེད་པེ་འཕྲོས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད




iiif viewer powered by OpenSeadragon

150b - 151b

Texts on this page

Gdg021.18 - rgyud kyi rgyal po rdo rje phreng ba