| | e-texts navigator
|
150b1 བྱང་ཕྱོགས་གདན་ལ་བཏུང་བསྐུམ་བཞུགས།། ཞེ་སུང་མ་འདུན་དག་བྱེང་བྱ།། མེ་འི་ཕྱོགས་སུ་དབྱུག་སྔོན་ཅན།། གཡས་དང་གཡོན་ནི་དག་དང་མར།། དང་པོ་མེ་བྱུང་དྲུག་མ་འབྱུང་།། ཨུག་ལ་དབུས་ཀྱིས་ས་དུ་མར།། གཡས་རླུང་ད་།
150b2 རལ་གྱི་སྟེ།། གཡོན་ན་རིན་ཚོན་པདྨའོ།། ང་རྒྱལ་ཆ་འཛིན་མིག་ཡོ་མགོན།། བདེན་བྲལ་ཕྱོགས་ན་ཡང་དག་གནས།། གཡས་དཀར་གཡོན་དམར་སེར་བའི་ཞལ།། དང་པོ་མེ་དཔུང་རིག་མ་ལ་བྱུད།། འཁོར་པོ་རལ་གྲི་གཡས་ནནོ།། རིན་ཆེན་པ
150b3 གཡོན་ནའོ།། འདོད་ཆགས་ཆ་འཛིན་གཞན་མི་ཐུབ།། གཡས་པ་དཀར་ལ་གཡོན་པ་དམར།། སྐྲ་དང་དབུ་ནི་དམར་ལྡང་ལ།། དང་པོ་མེ་དཔུང་རིག་མ་འཁྱུད།། རྡོ་རྗེ་རལ་གྲི་གཡས་ནཱའོ།། རིན་ཆེན་པདྨ་གཡོན་ནའོ།། རླུང་ལྷའི་མཚསུ
150b4 ཡང་དག་གནས།། ཕྲག་དོག་ཆ་ནི་དག་བྱེད་པ།། དབང་པོའི་གྲཝར་ནི་གཞག་བྱ་སྟེ།། ཁམས་གསུམ་རྣམ་རྒྱལ་ཞལ་གསུམ་པ།། ཞལ་གཡས་དཀར་ལ་གཡོན་པ་དམར།། སྐུ་དང་དབུ་ནི་ལྗང་སྱ་ལ།། དང་པོ་མེ་དཔུང་རིག་མ་འཁྱུད།། ལུགས་ཀྱུ
150b5 རལ་གྲི་རིན་ཆེན་པད།། གཡས་དང་གཡོན་གྱི་ཕྱག་ཏུ་བསྣམས།། གཏི་མུག་ཚ་ནི་དག་བྱེད་པ།། ཁྲོ་བོ་ཆེན་པོ་སྟོབས་ཆེན་ཡང་།། ཡང་དག་ཉིད་དུ་འོག་ཏུ་གསུངས།། ཐམས་ཅད་རྡོ་རྗེའི་གོ་ཆ་སྟེ།། ཁྲོ་མོ་རྣམས་ཀྱི་རིགས་དང་མདོག། སོ་སོའི་ཁ
150b6 དོག་ཇི་བཞིན་ནོ།། རང་དེའི་ལག་ཆ་ལག་ན་བསྣམས།། ཞེས་གསུངས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། ཁྲོ་བོ་རྣམས་ཀྱི་ཞལ་དང་ཕྱག་ལ་སོགས་པ་རྣམ་པར་དག་པའི་ལེའུ་སྟེ་བདུན་པའོ།། །། དེ
150b7 བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ཆེན་པོ་དེ། ཆོ་འཕྲུལ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་རྣམས་ཀྱི་སྤྲུལ་པ་སྦྱོར་བ་མོ་བདག་པོ་རྣམས་དགའ་བར་བྱེད་པ། དེ་བཞིན་གཤེགས་པའི་བཙུན་མོ་དམ་པ་དཔལ་རྡོ་རྗེ་སླ་འབྱིན་མ་དང་།
iiif viewer powered by OpenSeadragon
150a - 151a