e-texts navigator
Collection
Volume
Page
Wylie

148b1 འདུས་ནས་འདུས་མ་ཐག་ཏུ་དཔལ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཞབས་བཞི། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཁྲོ་བོ་ཐམས་ཅད་འཇུས་པབས་ཀྱང་གཱའི་མདུངས་ཆེ་བ་ནི་ཕྱུག་རྒྱ་གསུམུ་འདུས་པ་སྟེ། ཁྲོ་བོ་དངོས་པོ་ཡང་དྲག་པའི
148b2 ཤིན་ཏུ་བརྗིད་པའོ།། གསང་བུའི་ཡང་གསང་བའི་ཁྲོ་བོ་ཆེན་པོ་སྟེ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྙིང་པོ་ཡང་ཡིན་ནོ།། ཐུགས་ཀྱི་སྙིང་པོ་ཡང་ཡིན་ནོ།། སྐུའི་སྙིང་པོ་ཡང་ཡིན་ནོ།། ཡོན་ཏན་གྱི་སྙིང་པོ་ཡང་ཡིན་ནོ།།
148b3 ལས་ཀྱི་སྙིང་པོ་ཡང་ཡིན་ནོ།། དེའི་ཕྱིར་རྒྱུད་འདིར་གསུངས་པ། འབྲེལ་བའི་ཕྱིར་ན་གསུངས་པ་སྟེ།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ།། རྒྱུ་དང་ཐབས་དང་འབྲས་བུ་ལ།། འབྲེལ་བའི་ཕྱིར་ན་རྒྱུད་རྗེས་བྱ།།
148b4 ཅེས་གྲགས་པ་འབྲེལ་པ་སྟེ།། གཅིག་ལ་གཅིག་འབྲེལ་རྒྱུད་ཀྱི་དོན།། རབ་འབྲེལ་དེ་ནི་རྣམ་གསུམ་སྟེ།། དེས་ན་རྒྱུད་དུ་གྲགས་པའོ།། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། དོན་དྲིམ་པའི་དང་ལས་ཆུང་དུ་གྲགས་པ། དཔལ་རྡོ་རྗེ་གཞིན་དུ་རིགས་ལྔའི
148b5 སུ་དུས་གསུམ་གྱི་བདེ་བར་གཤེགས་པ་ལས་ཕྱག་རྒྱའི་གཟུགས་སུ་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡང་གསང་བའི་བདག་པོས། བཛྲ་ཀཱི་ལ་ཡ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་དཔའ་བོ་ཆེན་པོ་ཧཱུ~ཾ་ཀཱ་ར་ལ་སོགས་པའི
148b6 ཆེན་པོ་འདྲི་རྣམས་ཇི་ལྟར་འབྱུང་བ་ལགས། སུས་བསྐྱེད་པ་ལགས། སུ་ཞིག་འདུལ་བ་ལགས། གང་ལས་གྲུབ་པ་ལགས། ཡེ་ཤེས་གང་གི་ངོ་བོ་ལགས། རྣམ་པ་འདག་པ་གང་ལགས། ཉོན་མོངས་པ་གང་སྟོང་པ་ལགས། རྡོ་རྗེ་ཕྲེད་བ
148b7 ཞེས་བྱ་བ་ཇི་ལྟ་བུ་ལགས། གང་ལས་རྣམ་པར་དག་པ་ལགས། དེ་སྐད་ཞུས་པ་དང་། པཛྲ་ཀཱི་ལེ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགས་སོ་ལེགས་སོ་གསང་བའི་བདག། མ་འོངས་དོན་དུ་ཞུས་པ་ལེགས་སོ།། ང་ཡིས་བཤད་ཀྱི་ཁྱོད་ཀྱིས




iiif viewer powered by OpenSeadragon

148a - 149a

Texts on this page

Gdg021.18 - rgyud kyi rgyal po rdo rje phreng ba