e-texts navigator
Collection
Volume
Page
Wylie

147a1 གསོལ་བ་བཏབ་པར་མཁྱེན་ནས། དེ་ན་ལྟ་བུའི་ཏིང་དེ་འདྲེན་ལམ་རྒྱ་ན་ལྤགས་སྷོ།། ལུགས་མཐག་ཏུ་ཐོས་ཉིད་ཀྱི་སྒྲ་ད་མེད་ཅེས་བྱུང་།། མ་རྡཱ་ཤུ་ཅ་ནཱན་བནས་སས་ཡང་། ཆོས་སུ་འང་ངར
147a2 དངོས་པོ་ཀུན།། ངོ་བོ་ཉིད་ཀྱིས་སྟོང་པ་ལ།། གཟུང་དང་འཛིན་པ་རྣམ་སྤངས་ཏེ།། རང་བཞིན་གྱིས་ནི་སྟོང་པ་ཡིན། དེས་འཁོར་རྣམས་ཀྱང་ཟིལ་གྱིས་མནན་ཏོ།། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། གླེང་གཞའ་ལའུ་སྐྱེ་དང་པ་ལྔ།
147a3 དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། ད་ལྟར་གྱི་བསྟན་པ་འདི་ལ་རཱུ་ཏྲ་ལ་སོགས་པའི་གདུག་པ་ཅན་དང་། ཉི་ཟླ་ལ་སོགས་པའི་མ་རུངས་པས། རྣལ་འབྱོར་པ་ལ་འཚེ་བ་དང་། སྲོག་འཕྲོག་པ་གཟིགས་ནས། ཉིད་ཀྱི་ཐུགས་ཀྱི་དབུལ་བེའུ་ནས་རྫི་བཅུ་གདོ།
147a4 པར་ཕྱུང་ནས། གདུག་པའི་ཚོགས་ཀྱི་རྒྱལ་པོ་རྣམས་གདན་དུ་བྱ་བའི་ཕྱིར་ན། ས་བླངས་བཙ་ལས་སྦྱང་དང་། མཱཎྜལ་རྩིགས་དང་བྲི་བཱ་ལྔ།། དེ་ཡི་སྔོན་དུ་རྒྱལ་ཆེན་བཞི།། ཐོ་བཞི་བརྩིགས་ལ་གཏོར་མ་སྨིན།། དེ་ནས་དམ་སྲི་གནན་པ་དང་།
147a5 བྱང་ལ་སོགས་བྱ་བ་ནི།། ཕྱི་ཡི་མཚམས་སུ་བཤད་པའོ།། དེ་ནས་གསང་བ་ནང་གཱི་མཚམས།། ཐུན་མོང་དང་ནི་ཁྱད་པར་རོ།། ཉི་ཟླའི་སྤྱན་དང་དབང་རྟེན་དང་།། མ་མོའི་མཚམས་དང་ཁྲོ་བོ་ནི།། ཀུན་གྱི་རྗེས་འཇུག་ཏིང་འཛིན་ལས།། དེ་ནས
147a6 བའི་བདག་པོ་ནི།། ཆེན་པོ་ཉིད་ཀྱིས་འདི་སྐད་ཞུས།། ཀྱེ་ཀྱེ་དཔའ་བོ་གདུག་པ་སྩོལ་པའི་མཆོག། ཉིད་ཀྱི་ཐུགས་ཇི་དཔ་ལ་བེཥྚ་ནུས།། འཁོར་ལོ་ས་བོན་ཨཱ~ཾ་ལས་སྐྱེས།། ཨཱཾ་ཙཀྲ་ཕཊ། སྨིག་རྒྱུ་བཞིན་དུ་འཁོར་བཱ་ལས།། གདུག་པའི་ཚོགས་རྣམས
147a7 གཤེགས་པ་ཡིས།། རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ།། མ་ལས་ཉི་མའི་དཀྱིལ་འཁོར་ནི། གཅིག་ལས་མགལ་མེའི་ཚུལ་དུ་ནི། མེ་སྟག་བཞིན་དུ་འཕྲོས་པ་ལས།། ཉི་མའི་མཎྜལ་བཅུ་ཕྱུང་སྟེ།། ཧཱུ~ཾ་བཅུའི་ཚོགས་ནི་རབ་འཕྲོས་ཏེ།




iiif viewer powered by OpenSeadragon

146b - 147b

Texts on this page

Gdg021.18 - rgyud kyi rgyal po rdo rje phreng ba