| | e-texts navigator
|
146a1 སྭཱནྟེ། ལོངས་སྤྱོད་རྟོགས་པའི་སྐདངས་སུ་སྟོན་པ། བདྡྷ་ཏྟེ་གདང་། བཛྲ་དྷེ་དྲུཀ་དང་། རཏྣཏྣེ་དྷཀྵ་དང་། @\ུ0f7fཥྚེངྒཀྵདང། ཀསན་དྲུག་ལ་སོགས་པ་དང་། ནམ་ཚོགས་དང་། གཞན་ཡང།
146a2 ཤེས་ལས་སུ་གྱུར་པའི་མ་མོ་ཀོའུ་རིམ་བརྒྱད་དང་། སེང་གདོང་མ་བརྒྱད་དང་། ལྕགས་ཀྱུ་ལ་སོགས་པ་བཞི་དང་། གསང་པའི་ཡུམ་བཞི་ལ་སོགས་ཏེ། ཁྲོ་མོ་ཆེན་མོ་གཞན་ཡང་ཆོས་མང་དུ་འདུས་སོ་འགོད་དོ།། འཁོར་པར་ཐར་ཏོ།། དེ་རྣམས་ཀྱ
146a3 ཞལ་གསུམ་ཕྱག་དྲུག་པ། སོ་སོའི་ཁ་དོག་དང་ཆ་བྱད་དུ་ལྡན་པ། འབར་བའི་གར་གྱི་ཆུས་རྣམས་དང་ལྡན་པ་སྟེ། འོག་མིན་གྱི་གནས་གཞི་དང་མེ་ཏོག་གིས་བརྒྱན་པ། ཡེ་ཤེས་ལྔ་ལས་རང་བཞིན་གྱིས་འོད་འབྱུང་བ་སྟེ། ཁ་དོག་རིན
146a4 པོ་ཆེ་སྣ་ཚོགས་ནས། དཔག་ཏུ་མེད་པ་དབྱིབས་དང་ཁ་དོག་ཏུ་ལྡན་པ། གྲུ་བཞི་དང་སྒོ་བཞི་དང་གྲུ་ཆད་བཞིས་བརྒྱན་པ། དུར་ཁྲོད་ཀྱི་རྟ་བབས་དང་། ཐེ་མ་སྐས་དང་ལྡན་པ། མཆོག་ཆེན་བརྒྱད་ཀྱི་ཀ་བས་རྣམ་པར་སྦས་པས།
146a5 སྣ་ཚོགས་ཀྱི་གཟུགས་སུ་གྱུར་པ། ཁྲོ་མོ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ལ་གྱུར་པའི་རྒྱན་གྱིས་བཀླུབས་ནས། ཉིད་ལས་མི་གཞན་པའི་འཁོར་རྣམས། གོང་དུ་གསུངས་པ་དང་མཚུངས་པ་འདི་ལྟ་སྟེ། ཨ་ལ་ལ། ཧ་ཧ་ཧ།
146a6 ཧྲཱིཧེ། དེ་བཞིན་གཤེགས་པ་བུདྡྷ་ཧེ་རུ་ཀ་དང་། དེ་བཞིན་གཤེགས་པ་བཛྲ་ཧ་རུཾ་ཀཱ་དང་། དེ་བཞིན་གཤེགས་པ་ར་དྷ་ཧེ་རུ་ཀ་དང་། དེ་བཞིན་གཤེགས་པ་པདྨ་ཧེ་རུ་ཀ་དང་། དེ་བཞིན་གཤེགས་པ་ཀརྨ་ཧེ་རུ་ཀ་དང་། དེ་རྣམས
146a7 ཀྱི་ཡུམ་རྣམས་དང་། གནས་དང་ཡུལ་ལ་སོགས་པའི་མ་མོ་རྣམས་དང་། སྒྲོ་མའི་ཚོགས་དང་། གསང་བའི་ཡུམ་བཞི་དང་། གཞན་ཡང་དཔལ་གཟུགས་ཀྱི་ལྷ་མོ་དང་། སྐྲའི་ལྷ་མོ་དང་། དྲིའི་ལྷ་མོ་དང་། རོའི་ལྷ་མོ་དང་།
iiif viewer powered by OpenSeadragon
145b - 146b