| | e-texts navigator
|
143b1 ནི་སྡང་ཐུགས་མཆོག་\ུ0f7fཥྚེས།། ཡེ་ཤེས་སྐུ་མཆོག་རིག་འཛིན་འཁོར་གྱིས་བརྡྷན།། དམིགས་མེད་ཐུགས་ནི་དོན་དམ་དབྱིངས་ནུགས་ལ།། གསུང་གི་སྟོང་གསུམ་གང་བྱང་སྒྲོགས།། སྤྲུལ་བའི་བྱིན་ཐབས་ཁྲོབ་ཅུ་དབྱིངས་ནས
143b2 འགྱེད།། སྐུ་མདོག་མཐིང་ནག་འཇིགས་པའི་རྒྱུན་གྱིས་བརྒྱན།། གཡས་ཀྱི་ཞལ་མདོག་སྤད་ནག་བསྟན་པ་ནི།། ཕྲིནཱ་ལས་བཅོལ་བ་ཐམས་ཅད་འགྲུབ་པའི་རྟགས།། གཡོན་གྱི་ཞལ་མདོག་དམར་ནག་བསྟན་པ་ནི།། དབང་དྲུག་རྣམ
143b3 གཉིས་དུས་གཅིག་རྫོགས་པའི་རྟགས།། སྐྱེ་ཤི་རྩད་ནས་གཅོད་པའི་མཆེ་གཙིགས་ཤིང་།། བདུད་དགྲ་ཉེས་བྱེད་ཐལ་བའི་རྡུལ་དུ་རློག། རྡོ་རྗེ་རྩེ་དགུ་ཕྱག་ན་བསྣམས་པ་ནི།། སྱ་དགུ་འཇོམས་ཤི་དྭ་ཡེ་ཤེས་དགུ་དང་སྦྱོང་།། རྡོ་རྗེ་རྩེ་ལྔ་པར
143b4 ན་བསྣམས་པ་ནི།། རྒྱུད་ལྔ་སྦྱང་ཞིང་སྤུ་ལྔར་འདྲེན་པར་མཛད།། རྡོ་རྗེ་ཡེ་ཤེས་མེ་དཔུང་བསྣམས་པོ་ནི།། ཁམས་གསུམ་འཁོར་བའི་བག་ཆགས་སྲེག་པར་མཛོད།། རྡོ་རྗེ་ཁནྡྷེ་ཞིང་ཆེན་བཟུང་བ་ནི།། བདུད་བཞི་ཐལ་བར་རློག་ཅིང
143b5 དབང་དུ་སྡུད་།། རྡོ་རྗེ་རི་རབ་ཕུར་བུ་འདྲིལ་ཞེང་འདེབས།། འགུལ་བྱེད་མ་ལུས་ཐམས་ཅད་སྒྲོལ་བའི་རྟགས།། གླང་ཆེན་སྟག་ལྤགས་ཞིང་ཆེན་ཅན་གྱིས་བརྒྱན།། ཚེ་བཙནྡ་དཔེ་མེད་ཁམས་གསུམ་རྒྱལ་པོར་བསྟོད།། ཐོད
143b6 སྦྲུལ་ལ་སོགས་སྐུ་ལ་བརྒྱན་པ་ནི།། གདུག་པ་ཐམས་ཅད་ཟིལ་གྱིས་གནོན་པར་མཛད།། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ་ནི།། དུག་དང་བག་ཆགས་ངན་པ་བསྲེག་པའི་རྟགས།། རྔམ་པའི་ཞལ་ན་སྭ་དྷྲྀ་སྤ་འཇུག
143b7 སྤྱོད་སྒྲོགས་པ་ནི།། བདུད་དང་སྲིན་པོའི་སྤུ་སྲད་ཟིལ་གྱིས་གནོན།། ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་དབྱིངས་དང་སྤྱོད།། ཞབས་གཉིས་གྱད་ཀྱི་དོར་ཐབས་གཇུག་པ་འདུལ།། སྤྲུལ་པའི་བྱིན་རླབས་ཕྱོགས་བཟུར་སྤྲིན་ལྷ
iiif viewer powered by OpenSeadragon
143a - 144a