| | e-texts navigator
|
141b1 ཚོགས་ཀུན་དུ་རྒྱུག། རང་བྱུང་ཡེ་ཤེས་ཐོག་ཕྲིན་ཏེ།། ཀུན་འད་ཁ་ཕྱེ་འོད་གསལ་མཐོང་།། ཕྲ་མོའི་ཐིག་ལེ་ནཱད་དང་།། འོད་ནི་སྤངས་རྒྱས་ཐམས་ཅད་ཀྱིས།། བྱུང་ཆུབ་ཆེན་པོ་བླན་མེད།། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས།། ག
141b2 དམིགས་པ་ཐོབ་པར་འགྱུར།། སྔགས་ལ་དམིགས་པའི་སྦྱོར་བ་ཡིས།། སྣོང་ཉིད་ཡེ་ཤེས་མཐོང་བར་བྱེད།། སྔགས་ལ་དམིགས་པའི་རང་བཞིན་གྱིས།། ཐབས་ཀྱི་བྱེ་བྲག་མང་པོན།། བསམ་མོས་མི་ཁྱབ་མིན་དག་གྀ།། མེད
141b3 གིས།། དང་པོ་དག་འ་བསྐྱེད་པར་བྱེད།། གཉིས་བདགའ་བའི་དགའབྲུ་བསྐྱེད།། གསུམ་པ་ཤིན་ཏུ་དགའ་བ་བསྐྱེད།། བཞི་པ་མཆོག་ཏུ་དགའ་བ་བསྐྱེད།། སྦྱོར་བའི་མཚམས་སྱ་ཕཊ་མིས་འབྲངས།། བདྷི་བླག་དེ་སྦྱར་བ། དེ་ཡི་རྣངས
141b4 པའི་བུ་གནས།། འོང་ཟོང་འཕྲོ་འདུའི་སྦྱོར་བ་ཡིས།། དབུགས་ནི་ཐིག་ལོ་ཉིད་དུ་གཞག། སྔགས་ལ་དམིགས་པའི་བྱང་ཆུབ་འགྲུབ།། གསང་བའི་གནས་སུ་ཞུ་བར་བྱེད།། འོད་ཟེར་ཐབས་ཀྱི་བྱིན་རླབས་ཀྱིས།། བྱང་ཆུབ་སེམས་ནི་རབ་ཏུ
141b5 བས།། མི་རྟོག་ཡེ་ཤེས་སྐྱེ་བར་བྱེད།། ལུས་ངག་ཡིད་ཀྱི་སྟོ་བ་ཡིས།། དང་པོ་སྔགས་ཀྱི་དྲོང་ཚད་ནི།། འདར་བ་དང་ནི་སྤུག་དང་འཕར།། བར་སྣང་དག་ལྔ་འཕུར་བར་བྱེད།། དེ་ཉིད་ཐབས་ཀྱི་མན་ངག་ནི།། བྷིང་ནོད་སྐྱབས་ནི་རབཞིན་ས།།
141b6 ཁམས་ཀྱི་ཟས་དང་རྣམ་བྲལ་ནས།། ངལ་བར་རྒྱབ་འབྱུང་བར་བྱེད།། དེ་ནས་གཟུགས་ཀྱི་མཐོང་བའི་ཆོས།། སྡིག་རྒྱུ་སྟེ་བུའི་རྣམ་པ་དང་།། བ་ལྟ་བུའི་རྣམ་པ་དང་།། སྲིན་བུ་མ་ཁྱེར་འདྲ་བ་དང་།། མར་མོའི་ཚུལ་དང་ནམ་མཁའ་བཞིན།
141b7 འོདགས་ལ་ཟུང་འཇུག་བད་བ་ཆེ།། ཡེ་ཤེས་བདེ་བ་དེ་ཉིད་ལས།། ཟླ་བདྲུག་དང་བཅུ་གཉིས་དང་།། བཅོ་བརྒྱད་བཅུ་དྲུག་སུམ་ཅུ་གཉིས།། དེ་བཞིན་སྒྲི་བ་གཅིག་གིས་འགྲུབ།། གལ་ཏེ་དེས་ཀྱང་མ་འགྲུབ་ན།། སྟོན་པའི་ཚུལ་གྱིས་བསླབ
iiif viewer powered by OpenSeadragon
141a - 142a