e-texts navigator
Collection
Volume
Page
Wylie

141a1 སྨྲ་། སྨྲ་ན། པ་ས་དུ་། ས་སྨྲས་། ས་སས་ས་མན།། སག་དྷཱ་སས་ང།
141a2 བདག་འདྲེགས་པའི་ཡི་གེ་དང་།། དང་པའི་ཡི་ག་ཏོ་གྱིས་མཚན།། དེ་ཉིད་འགགུ་པ་བདེ་པའི་ལམ།། དེ་ནི་བདེ་བ་ཆེན་པོའི་སྒྲ།། དེ་ཉིད་སྦྱིན་པར་བྱེད་པ་སྟེ།། དང་པོ་བུམ་པའི་དཔའ་དྲག་སངས།། ཚོགས་ཀྱི་ལྷ་མ་དང་སྟོད་པ་ལམ།
141a3 དབྱུང་མཆོག་དེ་ལ་གནས་པའོ།། འབྲས་བུ་ལམ་གྱི་ཚུལ་བཚད་ན།། ངག་ནི་ཚངས་པའི་གསུང་དབྱུངས་མཚུངས།། སྐྱེ་བ་ལན་གྲྀ་རྦྷེ།། དེ་ཏི་ལམ་དུ་གུསུངས་པས་ན།། ལོངས་སྤྱོད་རྫོགས་པ་ལོངས་སྤྱོད་ཧཱུ~ཾ། མཛ
141a4 བའི་ལམ་དང་བསྒོམ་པའི་ལམྦ།། གསང་བའི་དབང་དུ་ཡང་དག་འགྲོ།། བདེན་པ་བཞི་ཡི་རང་བཞིན་ཅན།། ཐུགས་ཀྱི་ཡེ་ཤེས་རྩེ་གཅིག་པས།། ལྟེ་བ་ལ་ནི་ཡི་གཱི་ཛྲིཾ།། ཐབས་དང་ཤེས་རབ་མཐའ་དག་ཏུ།། དེ་བཞིན་རྣམ་ཀུན
141a5 འབྱུང་བས།། ཆོས་ཀྱི་སྐུ་ཡི་བདག་ཉིད་པས།། ཤེས་རབ་ཡེ་ཤེས་གང་ཡིན་པས།། བར་ཆད་མེད་པའི་ལམ་དུ་འགྲོ།། གསུམ་པ་ཤེས་རབ་ཡེ་ཤེས་དབང་།། ཐུན་མོང་མཚན་དང་རྣམ་ལྡན་པ།། རྣམ་པ་གཉིས་སུ་འགྱུར་བས་ན།། ཕྱོགས
141a6 མཆི་མས་ངག་ནི་རིགས་རྣམས་ཀྱང་།། ས་བོན་གཉིས་ཀྱི་མཚན་མ་སྐྱེ།། ལྟེ་བ་ལ་ནི་ཡི་གེ་ཨཱ~ཾ།། སྡུག་བསྔལ་བདག་ཉིད་ལྡན་པས་ན།། སྤྲུལ་པ་དོན་མཛད་གང་ཡིན་པ།། འཁོར་ལོ་ཚོགས་ཆེན་བཞི་པའི་དབང་།། མྱ་ངན་མི་འདའ་ཐུགས
141a7 རྗེ་ཡིས།། སྐུ་གསུམ་ལྷུན་གྱིས་གྲུབ་པའོ།། རྩ་ནི་ཆུ་ཡི་ཁམས་ཡིན་ཏེ།། བྱང་ཆུབ་སེམས་ཀྱིས་གང་བར་གནས།། དེ་སྙེད་རྣམ་པ་ཇི་སྙེད་པ་འང་།། སུམ་བརྒྱ་དྲུག་ཅུ་ཡང་དག་གནས།། བྱང་ཆུབ་སེམས་ནི་སྤྲིན་གྱི་ཁམས།། ཐབས་ཀྱི




iiif viewer powered by OpenSeadragon

140b - 141b

Texts on this page

Gdg021.17 - rgyud kyi rgyal po dpal 'jig rten snang byed