| | e-texts navigator
|
137a1 བུ་མོད།། ལུས་ལ་བདེ་བ་ཇི་སྙེད་པ།། དགའ་བ་བཞི་དང་རབ་ཏུ་ལྡན།། བདེ་བ་འཛིན་པ་ཤིན་ཏུ་མཁས།། པཔྤ་པྲ་ཡི་གདོང་པ་ལ།། བྱང་ཆུབ་སེམས་ནི་ཐིག་ལེརཱུ་གནས།། དང་པོར་གནས་པའི་མན་ངག་འདི།།
137a2 བྱང་ཆུབ་ལམ་དུ་བདེ་བར་འགྲོ།། དེ་ལྟར་གོམས་ཤིང་རེག་པ་ནི།། བཞི་པའི་དབང་ཉིད་ཡིན་པར་འདོད།། ལམ་བགྲོད་པ་ཡི་རིམ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ། འཇིག་རྟེན་སྔང་བྱེད་ལས། ལམ་གྱི་དབུ
137a3 པའི་ལེའུ་སྟེ་བཅུ་དྲུག་པའོ།། ། དེ་ནས་ཡང་གསང་པའི་བདག་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས། དྲག་པོ་སྙིང་གཟེར་གདབ་པའི་ཕྱིར།། ཕུར་པའི་མདའ་ཟ་མཱ་ཛི་ལ་རུ་གདགས།། ཞེས་གསོལ་པས། ཀཱི་ལ་ཡ
137a4 དྲག་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་འབར་བ་ཆེན་པོའི་སྐུ་ཁྲོ་བོ་ཆེན་པོ་རྒྱན་དང་ལྡན་པར་བཞེངས་ནས། བཀའ་སྩལ་པ། བུམ་པའི་ཧཱུ~ཾ་ལས་ཧཱུ~ཾ་བརྒྱུད་དེ།། ཧཱུ~ཾ་ལས་ཧཱུ~ཾ་བརྒྱད་དེ་བཞིན་ཧཱུཾ།། སྤུག་པོ་གུར་འདྲ་ཡེ་ཤེས
137a5 སེམས།། ཀཱི་ལ་ཡ་ཡི་བཟླས་པ་ལ།། མཱ་རཱ་ཡ་ཡི་ལས་ཀྱི་སྔགས།། གཅིག་ལ་གཅིག་བརྒྱད་མདའ་ཟམ་གདགས།། ཕར་འཕྲོས་པས་ནི་གཟས་པ་བསྐྱལ།། ཆུར་འདུས་བདུན་ཚེ་གསུམ་ལ་འདུས།། དབདེ་བསྐུར་བྱིན་རླབས་ལྷག་པར
137a6 བཟང་།། དཀར་ནག་མཚམས་སུ་ཐལ་ཕྱུང་སྟེ།། སྐུ་གསུང་ཐུགས་སུ་གཟི་མ་དངས་བསྐྱེད།། བསྟེན་པ་དུས་ཀྱི་དྲག་པོའོ།། བསྟེན་པ་དང་ནི་ཉེ་བསྙེན་པོ།། བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ།། དུས་བཞི་དུས་སུ་བཟླས་པ་ནི།། ཇི་བཞིན་པ
137a7 ཡི་བཟླས་པ་ཡི།། ཡང་གཅིག་བསྙེན་པ་རབ་ཏུ་བྱ།། མེ་ཏོག་ཚོམ་བུ་རབ་ཏུ་དགྲམ།། སྦམས་པའི་ཕུར་བུ་རབ་ཏུ་དགོད།། ཏིང་འཛིན་དཀྱིལ་འཁོར་བསྒོམ་པར་བྱ།། རང་བཞིན་དཀྱིལ་འཁོར་སྤྱན་ཡང་དྲངས།། སྤྱན་དྲང་བཞུགས
iiif viewer powered by OpenSeadragon
136b - 137b