e-texts navigator
Collection
Volume
Page
Wylie

136b1 ཤུག་དཀར་པོ་ཡིས།། བརྒྱན་ཡང་ན་བྱ་བའོ།། ཡབ་དང་ཡུམ་དང་ཤེས་རབ་ཐབས།། སྦྱོར་མཚམས་བྱང་ཆུབ་སེམས་ཀྱིས་ནི།། བུམ་པའི་ནང་དུ་བྱང་ཆུབ་སེམས།། གང་ལ་གྲང་བས་དགང་བར་བྱ།། ཏཱིང་འཛིན་དཀྱིལ་འཁོར་བསྐྱེད་པར་བྱ།། རང་།
136b2 བཞིན་དཀྱིལ་འཁོར་སྤྱན་ཡང་དྲངས།། ཡེ་ཤེས་བདུད་རྩི་ཆུ་རྒྱུན་དབབ།། སོ་སོའི་ལས་དང་མཚན་མའོ།། སྟེགས་བུ་སྟེགས་བུ་བཤམ་པར་བྱ།། ལྷ་རྣམས་རོ་བསྟན་དམ་ཚིག་བསླག། ལྟས་དང་རྨི་ལམ་ང་ལྟ་རུ་གཞུག། དག་གི་ཉེས་པ
136b3 བསལ་བའི་ཕྱིར།། སོ་ཤིང་བྱིན་ལ་སོ་རྩ་བྲུད།། ཕྲིན་ལས་བཞི་ཡི་དངོས་གྲུབ་བརྟགས།། སྲུང་བའི་ལྷ་མོས་བྱིན་བརླབས་པའི།། བསྲུང་སྤྱད་དཔུང་པ་གཡས་གཡོན་གདགས།། སྣོད་དུ་འུང་དང་མི་རུང་བ།། བརྟགས་ཤིང་བསྡམས་ཤིང
136b4 སྦྱིན་པར་བྱའོ།། ལུས་ཀྱི་ཉེས་པ་བསལ་བའི་ཕྱིར།། བུམ་པ་གང་བ་སོ་སོའི་དབང་།། མིང་དང་བུམ་པ་ཕྲེང་བ་དང་།། ཅོད་པན་དྲིལ་བུ་རྡོ་རྗེའི་དབང་།། མེ་ཏོག་རྣམས་ནི་ཕན་པའི་དབང་ང་འདོད།། བྷན་དྷ་ཕྲར་པ་ལ་སོགས་ཇི་སྙེད་པ།
136b5 རྡོ་རྗེ་རྒྱལ་པོའི་དབང་ནི་ཡིན་པར་འདོད།། དེ་ལྟར་ལྗགས་མཁན་རྒྱལ་པོ་མཁས་པ་ཡིས།། ངག་གི་དབང་གི་རྫས་རྣམས་བརྟེན་པར་འདོད།། ཕྱག་རྒྱ་ཡུམ་མཆོག་པདྨའི་སྣོད་ཆེན་དེ།། རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས་དང་ནི།། གལ་ཏེ
136b6 གདོལ་པའི་བུ་མོ་གྲགས་མོ་རྒྱལ།། རྡོ་རྗེ་བེའུ་ལྟར་གཞིབས་ཏེ་ལུས་ནི་གདན་དུ་བྱ།། དེ་བཞིན་གསར་པའི་དབང་ནི་སྦྱིན་པར་བྱ།། བསམ་གཏན་དངོས་པོ་སྒྲུབ་པའི་ཕྱིར།། ཤེས་རབ་མ་ཡི་དབང་ཡང་སྦྱིན།། རྡོ་རྗེ་རིགས་དང་པརྡའི་རིགས།། ལས་ཀྱི
136b7 རིགས་དང་རིན་ཆེན་རིགས།། དེ་བཞིན་གཤེགས་པའི་རིགས་རྣམས་ཀྱིས།། བུ་མོ་བཅུ་གཉིས་བཅོ་ལྔ་དང་། ཉི་ཤུ་རྩ་གཉིས་སུམ་དུ་ལྔ།། ཡང་ན་རྩེ་ལྔ་བཅུ་དྲུག་གོ།། མང་པོར་ཐོས་ལ་དད་པ་ཡོད།། ཐེག་པའི་སྒོ་ཡང་མང་དུ་ཤེས།། པདྨ་\ུ0f7f




iiif viewer powered by OpenSeadragon

136a - 137a

Texts on this page

Gdg021.17 - rgyud kyi rgyal po dpal 'jig rten snang byed