| | e-texts navigator
|
134a1 པས་ཀྱང་།། སྲ་ཚིལ་དག་ལ་གཟུགས་བྱས་ལ།། དཀ་བའི་ཤིང་ལ་ཞི་བའི་གཟུགས།། རྩེ་མོ་གནམ་ལ་བསྟན་ལ་གཞག། ཕྲིན་ལས་སྔགས་ཀྱང་དེ་བཞིན་བཟླས།། ལུགས་པ་ཡང་ནི་བཞིན་ཏེ།། དེ་བཞིན
134a2 དངུལ་ལ་བྱ་བའོ།། མཛོ་མོ་གླང་གལ་དམར་པོའི་ཤིང་།། ཐམས་ཅད་དབང་དུ་བྱ་བའི་ཕྱིར།། གྲི་ཁ་དཔའ་བོའི་ངོས་སུ་བཞོག། ཟངས་སམ་འཛིན་དམར་དེ་བཞིན་ཏེ།། ལུགས་མ་མཁས་པས་དེ་བཞིན་བྱ།། ཤིར་ཤིང་ནག་པོ་ལ་སོགས་པའི།
134a3 པོ་ཚེར་མ་ཅན་གྱི་ཤིང་།། མཁས་པས་གྲི་ཁ་ཕར་བསྟུན་ལ།། ས་ལྕགས་གནམ་ལྕགས་ཁྲོ་ཆུ་ལས།། མི་རྟ་མང་པོ་བསད་པ་དང་།། དེ་བཞིན་དང་ཐག་ཕལ་པའི་ལྕགས།། དེ་ནི་མགརབ་མཁས་པས་བྱ།། གོམས་ཤིང་མཁས་པར་བསླབ་པ་ཡི།
134a4 རིགས་བཞི་བཟོ་བོས་དེ་ལྟར་བྱ།། ཞི་བ་ཤར་ལ་དབང་ནི་ནུབ།། རྒྱས་པ་ལྷོ་ལ་དྲག་པོ་བྱུང་།། སློབ་དཔོན་སྔགས་མཁན་དེ་བཞིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དགོངས་པ། འཇིག་རྟེན་སྣང་བྱེད་ལས།
134a5 པ་རབ་གནས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བའི་བདག་པོས་གསོལ་པ། རྣལ་འབྱོར་ཡང་དག་བསམ་གཏན་ལས།། ཡི་དམ་རྒྱུན་དུ་བྱ་བ་དང་།། སྲུབ་པ་མཇུག་ཏུ་གདགས་པ་དང་།
134a6 སྔགས་ལ་ཡིད་ཆེས་བསྐྱེད་པའི་ཕྱིར།། ཡང་སྙིང་མན་ངག་བཤད་དུ་གསོལ།། བཀའ་སྩལ་པ། ཧོམ་ཁུང་འབྲུབ་ཁུང་ཁ་ཁྱེར་གསུམ་དང་ལྡན།། ཁ་ལ་ཐོད་པ་ཚར་གསུམ་བཏང་།། བང་རིམ་ལ་ནི་རྡོ་རྗེ་སྟེ།། ཕྱི་ལ་མེ་རི་ཡང་དག་བཏང་།།
134a7 དུ་འཁོར་ལོ་རྩིབས་བརྒྱད་ནི།། མུ་ཁྱུད་རྡོ་རྗེ་ར་བར་ལྡན།། ལྟེ་བ་ལ་ནི་ཡཾ་དང་རཾ།། དེ་ནས་ཕུར་པ་བྱིན་བརླབས་དབང་བསྐུར་ཏེ།། རྒྱ་མདུ་དང་པོ་ཆོས་ཀྱི་སྐུ།། བར་མ་ལོངས་སྤྱོད་རྫོགས་པའི་སྐུ།། ཟུར་གསུམ་ཡོངས་སྤྱོད་རྫོགས་པ་ལ།། སྦྲུལ
iiif viewer powered by OpenSeadragon
133b - 134b