e-texts navigator
Collection
Volume
Page
Wylie

133b1 པས་རྩོམས་བྱེད་པ།། རྒྱུད་རྣམས་ཀུན་གྱི་རྒྱ་མཚ་སྟེ།། ཏིལ་མར་ཐིགས་པས་ཀུན་ལ་ཁྱབ།། ཐམས་ཅད་ཀུན་ནས་བསྡུས་པ་འདི།། རྒྱུད་མཆོག་འདི་རུང་ཡིས་སྨྲས།། བྱུང་རྣམས་བསྡུས་པའི་མནྟྲ་ངག་འདྲེ།། རྒྱུད་འདིའི་ནང་དུ་སྨྲས་པའོ།།
133b2 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། རྒྱུད་ཐམས་ཅད་ཀྱི་གཏོར་མའི་མན་ངག། ལས་ཐམས་ཅད་ཀྱི་རྒྱལ་པོའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་ཡང་དས
133b3 པའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་ཕྱག་རྒྱ་ནི།། ཞི་དང་རྒྱས་དང་དབང་དང་དྲག། ཆུ་རྣམས་ཀུན་ལ་རབ་གནས་ནི།། གསེར་རམ་སེར་པོའི་ཤིང་རྣམས་སམ།། ཟངས་སུམ་དཔར་པོ
133b4 རྣམས་དང་།། དངུལ་ལམ་དཀར་པོའི་ཤིང་རྣམས་སམ།། ལྗགས་སམ་ནག་པོའི་ཤིང་རྣམས་ལ།། རབ་གནས་བྱན་ཇི་ལྟར་བྱ།། ཞེས་གསོལ་ཏོ།། བཀའ་སྩལ་པ། རྣལ་འབྱོར་རྟོག་པ་བསལ་བའི་ཕྱིར།། ཁྱོད་ཀྱིས་ཞུས་པ་ང་ཡིས་བཤད
133b5 ལེགས་པར་ཉན་པའི་འཁོད་རྣམས་དང་།། རྣལ་འབྱོར་དཔའ་བོའི་དོན་ཆེད་དུ།། ལུང་བསྟན་ལུང་མ་བསྟན་པ་ཡི།། མཁས་པར་བསླབ་པའི་བཟོ་མཁན་ནི།། ཤེས་རབ་རྣམ་པ་དུ་མར་སྦྱངས།། སྐྱེད་པ་ལོ་མིག་བཅུ་པ་དང་།། ཉལ་པོ་སྦལ་བའི་ཤིང
133b6 དག་ལ།། ཕྲིན་ལས་རྣམ་བཞིའི་སྔགས་བཟླས་ཤིང་།། ཕྱོགས་བཞི་རྒྱས་པར་བཞོག་པར་བྱ།། གྲི་ཁ་ལྷོ་བྱང་ཤར་རུབ་བསྟན།། ཁ་ནི་འཛབ་དང་མི་འབྲལ་བས།། སོར་བརྒྱད་བཅུ་གཉིས་བཅོ་བརྒྱད་དྲུག། སེམས་ཅན་རྣམས་དང་ཚུལ་བསྟན་ནས།།
133b7 མཐེབ་གོང་འོག་ཏུ་རྒྱ་མདུད་བྱ།། སོར་བཞི་ཐུམ་གཞོགས་འོག་མ་ཡང་།། གོང་མ་བཞིན་དུ་ཤེས་པར་བྱ།། དཔལ་ནི་ཆུ་སྲིན་ལ་ནས་དབྱུང་།། ཚིག་བཞི་ཀུན་ལ་སྦྲུལ་གྱིས་བརྒྱན།། རྩེ་མོ་ཟུར་བཞི་དཔལ་དང་བཅས།། དེ་བཞིན་ལུགས་མཁན་མངས




iiif viewer powered by OpenSeadragon

133a - 134a

Texts on this page

Gdg021.17 - rgyud kyi rgyal po dpal 'jig rten snang byed