e-texts navigator
Collection
Volume
Page
Wylie

132a1 གྲུབ་པ་འཕྲུལ་གྱིས་བདག་ལ་དངོས་གྲུབསྐོལ།། ལས་རྣམས་ཀུན་ལ་བདག་གི་སེམས་ཉིད་བདེ་བར་འགྱུར།། དེ་ནས་སྔགས་མཁན་མཉམ་གཞག་སྟེ།། ལྷ་རྣམས་ལ་ནི་དབུལ་བར་བྱ།། དེ་ནས་སྔགས་པ་ཁ
132a2 པ་ཡིས།། ད་ནི་སྔགས་དང་ཕྱག་རྒྱ་ཡིས།། ལྷ་ཡི་འདུན་པ་བསྐྱེད་པར་བྱ།། གཡས་དང་གཡོན་གྱི་ལག་པ་ཡིས།། བརྗིད་པ་མཐའ་ནས་གང་བྱ་ཞིང་།། རྡོ་རྗེ་ཐལ་མོ་གྱེན་དུ་དབྱེ།། མཆོད་པ་ཐམས་ཅད་དབུལ་བར་བྱ།། ཨོཾ་ཨཱཿདྲུཾ
132a3 ཀཱ་མཱ་ལེ། མཱ་ལྱེ་བཛྲ་ཨ་མྲྀ་ཏེ་ཧ་རཱ་ན་པྲཏྟིཙྪ་བྷ་ག་ཝཱན། ཛཿཧཱུཾ་བཱཾ་ཧོཿ། ཨ་ལ་ལ་ཏྲོ་ཨཱཿ། བན་པཾ་བེ་དུ་སུ་ཏོ།། ཏཱི་པུ་པ་ད་མུ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ཏུ་ས་མ་ཡོཏ་མུ། སརྦ་མ་ཧཱ་སུ་ལ་སིདྡྷི་བྡ། ཨཱ~ཾ་ཧཱུཾ། ཨོཾ་ཨེ་སཱ་ཏྲ་པེ་མ་ཧུ། ས་མ་ཡ་བྷཀྵ་པྲི་ལྲ
132a4 ཛཿཧཱུཾ་བཾ་ཧོཿ།། ཨཱ~ཾ་པྲཱ་ཏཱིཙྪ། དེ་ནས་རང་གིས་བཟླས་བྱས་ནས། ཚིགས་བཅུང་འདི་ནི་བརྗོད་པར་བྱ།། བླ་མ་རྣམས་ལ་སྦྱིན་པར་བྱ།། སངས་རྒྱས་ཀུན་དྲང་མཉམ་སྦྱོར་བས།། སྡོམ་པ་ལི་ནི་གང་གནས་པ།། ཇི་སྙེད་སངས་རྒྱས་ཐམས་ཅད་དང་།
132a5 སེམས་དཔའ་རྡོ་རྗེ་འཛིན།། ལྷ་རྣམས་དང་ནི་མི་རྣམས་དང་།། སྒྲུབ་པ་པོ་དང་རྣལ་འབྱོར་རྣམས།། དེ་དག་ཁྲོས་ནས་ཁྲག་ཆེན་པོ།། ཁྱོད་ཀྱི་སྙིང་ནས་དྲངས་ཏེ་འཐུང་།། ཨི་དནྟེ་ན་རཱ་ཀན་བ་རི་ཧྲི་ད་ཡེ། ས་མ་དྷི་ནཱཾ་ས་མ་ཡ་ཡཀྵ་ན་ད་སྟྲི
132a6 བཛྲ། ཨ་མོ་ཏོ་ཀཱཎ། ཨོཾ་བཛྲ་ཨ་མྲྀ་ཏ་ཨཱ་ཧ་རོབྡ་ཤས་མནྟ་ཧཱུ~ཾ་ཧྲཱིཿཏྲཱ~ཾ། དེ་ནས་ཡང་དག་འདི་བརྗོད་དོ།། དེ་ནས་ཀུན་ལ་ཕུད་སྤྲུགས་ནས།། ཧེ་རུ་ཀ་དཔལ་འཁོར་བཅས་རྣམས།། དམ་ཚིག་ཕུད་ལ་དབང་བ་རྣམས།། མཆོད་སྦྱིན་ཧེ་རུ་པ
132a7 བསྒོམ་སྟེ།། དེ་ཡི་རྒྱན་དང་སྔགས་ལྡན་པ།། སྙིང་ག་མགྲིན་པ་སྤྱི་བོར་ནི།། གནས་གསུམ་ཚུལ་བཞིན་བསྲུང་བྱས་ཏེ།། རྡོ་རྗེ་ཐལ་མོ་མཛུབ་མོ་གཉིས།། མདུན་གྱི་ཟད་ཀར་མདུད་པར་བྱ།། གུད་མོ་མཐེ་བོང་གཉིས་རྩེ་སྦྱར།། གཞན་མ་རྣམ




iiif viewer powered by OpenSeadragon

131b - 132b

Texts on this page

Gdg021.17 - rgyud kyi rgyal po dpal 'jig rten snang byed