| | e-texts navigator
|
131b1 རྒྱུག་དགང་བྱང་མ་ནས།། དུས་ནི་པས་ཏག་པརས།། བའི་བློན་པས་མུངས་ཏོ།། ད་སྤྲུལ་པ་མ་མན་མའི་མིག། ནང་ཀྱི་སྟོད་དྲུགསསུ་སྨྲ། གས་ནི་སྔགས་ཀྱི་འཇུའདི་མག་ང་དུ་མ་།
131b2 པདྨས་མཚོན་པའི་བྷག། ས་བོན་ཟླ་བ་དབུས་གྱུར་པ།། སྦོམ་པོ་དབང་པོ་གཉིས་ཀྱི་བར།། སྔགས་རིག་པས་ནི་བསམ་བྱས་པས།། བདག་གི་ལྟར་ནི་བསྒོམ་པ་ཡིས།། དེ་ཡང་རྫས་ལ་གདབ་པར་བྱ།། རྣམ་པ་གཉིས་ཀྱི་རྫས་རྣམས་བྱུང་།
131b3 སྙིང་པོ་ཕྱག་རྒྱ་སྔགས་ཀྱི་ལྷ།། སྤྱན་དྲང་མཆོད་པ་ཅི་རིགས་བྱ།། ཡང་དག་ཚིགས་བཅད་འདི་བརྗོད་བྱ།། སངས་རྒྱས་ཡབ་ཡུམ་སྲས་དང་བཅས།། གཉེན་དང་གཉེན་འདུན་གཡོག་འཁོར་བཅས།། འདུས་པའི་ལྷ་ཚོགས་ཀྱིས
131b4 བསྐོར་ནས།། རྡོ་རྗེ་སེམས་དཔའ་མཉེས་མཛད་ཅིང་།། གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ།། སྟོད་ལས་སྦྱར་བས་རྟག་ཏུ་དེ་ཉིད་དམ་པར་འབྱུང་།། ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་འགྲོ།། བླངས་ནས་བདེ་འགྲོ་བདེ་བར་གཤེགས་པ
131b5 མཛད།། དཔལ་ཆེན་རྡོ་རྗེ་སེམས་དཔའ་དེ་ནི་བདག། ཨཱཾ་ཆོས་སུའི་རང་བཞིན་དག་པས་ན།། བདག་ཀྱང་རང་བཞིན་རྣམ་པར་དག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཐུགས་དམ་དབྱིངས་མཆོག་རང་ཉིད་ནི།། སེམས་ཅན་འབྲུམས་ཀླས་མ
131b6 ལུས་ཀུན།། སྐུ་མཆོག་བསྒྲུབ་ཕྱིར་སྦྱོར་བས་ནི།། རྒྱལ་བ་རྒྱ་མཚོ་ཀུན་འདུས་པས།། སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག། ཨཱཾ་རྡོ་རྗེ་སེམས་དཔའི་དམ་ཚིག་རྗེས་སུ་བསྲུང་།། ཡེ་ཤེས་སེམས་དཔའ་ཉེ་བ་ཉིད་དུ་སྤྱོད།། དགོངས་པའི་དམ་པ་བདག
131b7 ལ་བསྟན་པར་དགོངས།། ཐུགས་རྗེའི་དབྱིག་གིས་བདག་ལ་ཆགས་པར་མཛོད།། བྱམས་པའི་མཆོག་གིས་བདག་ལ་བདེ་བར་སྦྱོངས།། ཕུན་སུམ་ཚོགས་པ་ལྡན་པས་བདག་ལ་བདེ་བར་སྦྱོངས།། བྱིན་རླབས་མཆོག་གིས་བདག་ལ་བྱིན་གྱིས་རློབས།།
iiif viewer powered by OpenSeadragon
131a - 132a