e-texts navigator
Collection
Volume
Page
Wylie

130b1 འགྲོ་བ་ཆེན་པོ་ཡིས།། ལྷ་དང་ཚིགས་ནི་བརྒྱན་པ་སྟེ།། ཕུར་པས་འདེབས་ཤིང་ཐོབས་བརྡེག། ཞེ་སྡང་རང་ག་མ་དང་ལྡན།། དེ་ནི་དངོས་ཀྱི་མཚན་ཉིད་དོ།། ཡང་བཀའ་སྩལ་པ། རྐྱེནྡ་ནི་ཛྷཻཾ་ལས་བྱུའབ་སྟེ།། དེ་ཡི་རྒྱན་ཡང་ཀཱི་ལཱ་ཡ།། ཀཱི་ལ་ཡ་ཡི
130b2 མདའ་ཟམ་གྱིས།། གདུག་པ་རྣམ་གཉིས་སྒྲོལ་བར་འགྱུར།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ་སྟེ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། སྲས་མཆོག་ཀཱི་ལ་ཡ་བསྟན་པའི་ལེའུ
130b3 སྟེ་བཅུ་གཅིག་པའོ།། ། དེ་ནས་ཡང་གསང་བའི་བདྲག་པོས་གསོལ་པ། རྣལ་འབྱོར་བ་ལ་ཕན་པའི་ཕྱིར།། བ་ལིཾ་མཆོད་པའི་གཏོར་མ་འདི།། ལྔས་རབ་ཀུན་གྱི་གཏོར་མ་སྟེ།། ཆོ་ག་བཟང་པོ་བཤད་དུ་གསོལ།། ཞེས
130b4 ནས། ཀཱི་ལ་ཡ་མཆོད་པའི་ཕྲིན་ལས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ལ་ཕྱིའི་ལྷ་མོ་དང་། ནང་གི་ལྷ་མོ་དང་། གསང་བའི་ལྷ་མོ་ལ་སོགས་པས། མཆོད་པ་ཡང་ཕྱི་ནང་གསང་བ་གསུམ་དུ་སྦྱར་ནས
130b5 མཆོད་པས་ཡང་དག་པར་མཆོད་ནས། གསོལ་བ་བཏབ་ནས་ཞུ་བར་སྤོབས་ཏེ། ཨེ་མྲ་སངས་རྒྱས་བཅོམ་ལྡན་འདས།། འཇིག་རྟེན་པ་དང་འཇིག་རྟེན་འདས།། བགེགས་རྣམས་ཞི་བར་བྱ་བ་དང་།། ལྷ་རྣམས་འགོ་བར་བྱ་བ་དང་།། དམ
130b6 ཚིག་ཉམས་པ་བསྐང་བའི་ཕྱིར།། ནང་དང་ཕྱི་ཡི་ག་ཏོར་མ་རྣམས།། ཇི་ལྟར་འོས་ཤིང་རིགས་པ་ལྟར།། རང་གི་འབྱོར་པའི་རྗེས་མཐུན་པར།། ནན་ཏན་གྱིས་ནི་མཆོད་པ་དབུལ།། ཞེས་གསོལ་བ་བཏབ་པོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས
130b7 བཀའ་སྩལ་པ། འཇིག་རྟེན་པ་དང་འཇིག་རྟེན་འདས།། དེ་རྣམས་མཉེས་པར་བྱ་བའི་ཕྱིར།། རྒྱན་དུའམ་ཡང་ན་ཟླ་བ་གཅིག། དེ་བཞིན་ལོ་གཅིག་ཁྱུད་སྐོར་དང་།། བཅུ་གཅིག་དང་ནི་བཅོ་ལྔ་དང་།། བརྒྱད་རྣམས་སུ་ན་ཁྱད་པར་དབུལ།། མཛེས




iiif viewer powered by OpenSeadragon

130a - 131a

Texts on this page

Gdg021.17 - rgyud kyi rgyal po dpal 'jig rten snang byed