e-texts navigator
Collection
Volume
Page
Wylie

129b1 བ་ནི།། འཁར་ལོ་རྩིབས་བཅུའི་ཐེག་ཏུ་འགྱུར།། དེ་བཞིན་སུ་བྱུང་དེ་བཞིན་བསྐོར།། དེ་ཡི་དབུས་ཀྱི་པོ་བྲང་ལ།། ཐོང་པ་གསུམ་གྱིས་བསྐོར་བར་བྱ།། མུ་ཁྱུད་རྡོརྗེའི་ར་བ་སྟེ། ས་མཇུག་ཕྱེ་མར་བཏགས་པ་ལ།། ནག་པོའི་ཚོན་གྱིས་བསྐུར་བ་ཀྲིས
129b2 འཁོར་ལོ་ཐམས་ཅད་མཐིང་གར་བྱ།། དེ་བཞིན་རྩིབས་ཀྱང་ནག་པོར་བྱ།། གུ་ཆད་ལྗང་གུའི་ཕྱི་རོལ་དུ།། ཐོད་པའི་ཕྲེང་བ་བཏང་བར་བྱ།། དེ་ཡི་ཕྱི་རིམ་དམར་པོ་ལ།། ཐིག་ལེ་ཐིག་ལེ་མང་དུ་བྱ།། དེ་ཡི་ཕྱི་རིམ་སྒོ་ཁྱམས་ལ།། ཀེང་རུ
129b3 བོ་སྤེལ་མར་བཀོད།། དེ་ཡི་ཕྱི་རིམ་ལུགས་དི་ལ།། མེ་རི་ཧོམ་གྱི་ཐབ་ཏུ་བྱ།། དེ་ནས་ལྷ་དགོད་འདི་གསུངས་སོ།། ཕོ་བྱང་གྲུ་གསུམ་ནག་པོ་ལ།། ཐབས་ཆེན་བདུད་འདུལ་ཡབ་ཡུམ་དགོད།། ཟླ་གྲམ་གསུམ་ལ་སྲས་གསུམ་པོ།
129b4 བརླབ་དབང་བསྐུར་བྱས་ལ་དགོད།། ཤར་དུ་རྣམ་པར་རྒྱལ་བ་སྟེ།། རིམ་པ་བཞིན་དུ་རྒྱས་པར་དགོད།། སྟོབས་པོ་ཆེ་དང་ཧཱུ~ཾ་ཀཱ་ར།། ཤར་སྟོད་ནུབ་སྤད་གཉིས་སུ་དགོད་།། ཕྲ་མེན་འཁོར་ལོའི་རྩིབས་ཀྱི་ཕྱིར།། ཟླ་གམ་བཅུ་ལ་དགོད་པར་བྱ།
129b5 བར་ཁྱམས་ཐིག་ལེའི་སྟེང་ཉིད་དུ།། བཟློག་ཕུར་བཅུ་དྲུག་དགོད་པར་བྱ།། སྒོ་ཁྱམས་ལ་ནི་སྒོ་སྲུང་སྟེ།། ཤཱ་ན་གཡས་ལ་རེ་ཏི་གེཡོན།། དབུས་སུ་སྲིན་མོ་དགོད་པར་བྱ།། ལྕགས་རི་ལ་ནི་དབང་ཕྱུག་མ།། བསྣོལ་ཏེ་རྡོ་རྗེའི་འགྲོས་སུ་དགོད།།
129b6 ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། འཁོར་ལོ་རྩིབས་བཅུ་པའི་མཎྜལ་བསྟན་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་ཡང
129b7 གསང་བའི་བདག་པོས་གསོལ་བ། ཀྱེ་ཀྱེ་བཅོམ་ལྡན་རྗེ་བཙུན་ཀུན་གྱི་རྗེ།། གདུག་པ་རྣམ་གཉིས་བསྒྲལ་བ་དང་།། ང་རྒྱལ་དྲེགས་པ་གཞོམ་པའི་ཕྱིར།། རྗོ་པལ་ཕུར་པ་སྲས་ཀྱི་མཆོག། རྣམ་གྲངས་དུ་ཡོད་བཤད་དུ་གསོལ།། ཀཱི་ལ




iiif viewer powered by OpenSeadragon

129a - 130a

Texts on this page

Gdg021.17 - rgyud kyi rgyal po dpal 'jig rten snang byed