e-texts navigator
Collection
Volume
Page
Wylie

129a1 ལ་འདི་སྐད་ཅེས་གསོལ་ཏོ།། དོན་དམ་ཕུང་པའི་རྒྱུ་ནི་ཇི་ལྟར་ལགས།། དེ་ཡི་ཚད་ནི་ཇི་ལྟད་ལགས།། དེ་ཡི་བྱིབས་ནི་ཇི་ལྟར་ལགས།། དེ་ཡི་གྲངས་ནི་ཇི་ལྟར་ལགས།། ཞེས་གསོལ་ཏོ།། བཀང་སྩལ་པ། ལེགས
129a2 པར་དྲི་བའི་ལམ་གྱི་མཆོག། རྟོགས་ཚད་འདུལ་བ་དྲི་བའི་མཆོག། མཁས་པ་དགའ་བ་སྤྱད་པའི་ཕྱིར།། དོན་བཞི་ཡིས་བཤད་ཀྱིས་ཉོན།། རྒྱ་ནི་དབྱིངས་ཀྱི་མཚན་ཉིད་དག། རྐྱེན་ནི་ཡེ་ཤེས་བྱེ་བྲག་ཡིན།། དེ་ནི་ཕུང་བའི་རྒྱུ་རུ་གྲགས།།
129a3 ནི་ཕྲིན་ལས་རྣམ་བཞི་སྟེ།། སངས་རྒྱས་ཕྲིན་ལས་དེ་ལས་མེད།། དོན་ནི་བསྡུ་བ་རྣམ་པ་བཞི།། དེ་ཡི་ནང་དུ་འདུས་པ་ཡིན།། དབྱིབས་ནི་གཞལ་ཡས་རྒྱ་མདུད་སྟེ།། ཚད་མེད་བཞི་ཡི་སྒོ་བཞིར་བསྟན།། ཕྱོགས་བཞི་མཚམས་བཞི་ལྷམ་གཞོག་བརྒྱད
129a4 རྣམ་ཐར་གསུང་ནི་རྩེ་མོ་ཡིན།། གྲངས་ནི་བདེན་པའི་བྱེ་བྲག་སྡེ།། དེ་ཁོ་ཉིད་དང་དྲི་བཞིན་ཉིད།། ནམ་མཁའི་ཐ་སྙད་དཔེ་དང་འདྲ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྣང་བ་སྟེ། རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། རྡེ
129a5 པ་ཐམས་ཅད་ཀྱི་དོན་བསྟན་པ་དང་། དོན་དམ་པའི་ཕྱུར་བའི་བྱེ་བྲག་བསྟན་པའི་ལེའུ་སྐྱེ་དགུ་པའོ།། །། དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཁྲོ་བོའི་གདན་ནི་ངེས་པའི་ཕྱིར།། འཁོར་ལོའི་རྩིབས
129a6 བཅུ་པ་ཡི།། ཐིག་གི་བྱེ་བྲག་བསྟན་པ་དང་།། ལྷ་ཡི་བྱེ་བྲག་བསྟན་དུ་གསོལ།། ཅེས་པས་ཀཱི་ལ་ཡ་ཆེན་པོ་དེ་ཕྱག་རྒྱ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྙོམ་པར་ཞུགས་སོ།། དེར་ཞུགས་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་སྐུར་བཞེངས་ནས་བཀའ་སྩལ་པ། དཀྱིལ
129a7 འཁོར་སྔ་མ་བཞིན་བཞེངས་ལ།། དེས་ཀྱང་དེ་ཡི་རྒྱ་ཡིས་བཅད།། ཐིག་ནི་རྣམ་པ་བདུན་བཏབ་པ།། ཕྱེད་ལ་ཕོ་བྲང་རབ་བྱས་ཏེ།། བྱང་ནས་ལྷོ་རུ་དྲངས་ནས་ནི།། དེ་ལ་རེའུ་ཆ་དགུ་རུ་དགོ།། རེའུ་ཆ་གཅིག་ནི་ལྟེ་བའི་ཚད།། དེ་ཕྱེད་ཀུན་ཏུ་བསྐོ




iiif viewer powered by OpenSeadragon

128b - 129b

Texts on this page

Gdg021.17 - rgyud kyi rgyal po dpal 'jig rten snang byed