| | e-texts navigator
|
124b1 ཡཱལ་གསོལ་པ། ཨེ་མཁྱོད་ལ་ཡང་གསོལ་པ།། མགྱི་ཁོ་ན་ལ་མཆོག། རྗེ་བཙུན་དཔའ་བོ་ཁྱོད་ཉིད་ལ།། དེ་ལྟ་བུ་ཡིན་ལ་འབྱོར་ལ།། ལམ་ནི་རྣམ་པ་དུ་ར་གྲགས།། དཔའ་བ་ཁྱོད་ཀྱིས་བཤད་དྲུ་གསོལ།། ཞེས་གསལ་ཏོ།། དེ་ནས་ཡང
124b2 ཀཱི་ལ་ཡས་བཀའ་སྩལ་པ། ཨེ་མ་ཧོ་ཁྱོད་ཀྱིས་དྲི་བ་ལེགས།། གང་ཕྱིར་ཁྱོད་ཀྱིས་དྲིབ་ལེགས།། དང་པོར་གང་ཟག་རྣལ་འབྱོར་ལ།། ཐོག་མར་དབང་གིས་ལམ་ཡང་བགྲོད།། དེ་ནས་ཤེས་རབ་གྲོལ་བའི་ལམ།། དེ་ཡང་དངོས་གཞི་འདི་ཡིན་པས།།
124b3 གཟས་པ་བསྐལ་བ་མ་དངོས་གྲུབ་བླང་།། དངོས་གྲུབ་རྣམ་པ་གཉིས་སུ་བརྟག། དབང་རྣམས་རིམ་པར་བསྐུར་ནས་ནི།། འདོད་པའི་དངོས་པོ་ཅི་འདོད་སྦྱིན།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་དང་གསུང་དང་ཐུགས་སྣར
124b4 བ་ལས་བྱུང་བའི་ཕྱིར། ཆུད་ཀྱི་རྒྱལ་པོ་འཇིག་རྟེན་སྟེང་བྱེད་ལས། ལམ་གྱི་མཛད་པ་བསྟན་པའི་ལྕེའུ་སྟེ་བཞི་པའོ།། དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།
124b5 བཅོམ་ལྡན་མགོན་གྱི་དཔལ།། གང་ཟག་བསམ་པའི་དབང་གིས་ན།། སྒྲ་ཡི་དཀྱིལ་འཁོར་བསྟན་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀཱི་ལ་ཡ་ཆེན་པོ་དེས། དཀྱིལ་འཁོར་མངོན་པར་གྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་པ
124b6 སྙོམས་པར་ཞུགས་སོ།། ཞུགས་མ་ཐག་ཏུ་ཕྱག་རྒྱ་རྫོགས་པར་བཞེངས་ཏེ་བཀའ་སྩལ་ཏོ།། མ་མཐོང་རྨོངས་ལ་བསྟན་པའི་ཕྱིར།། དཀྱིལ་འཁོར་གཉིས་ཀྱི་དཔེས་མཚོན་ཏེ།། ས་འམ་སྟེགས་བུ་ཆེ་འམ་ཆུང་།། གནས་ཁང་དག་དང་ལྕེར་བྱར
124b7 ཇི་བཞིན་པ་ཡྀ་ཐིག་རྣམས་ཀྱིས།། འ་བར་ལོ་རྩིབས་བརྒྱད་དཀྱིལ་འཁོར་ལོ།། དང་པོར་སྒྲོལ་པའི་དཀྱིལ་འཁོར་གྱི།། དེ་ནས་སྦྱོར་བའི་དཀྱིལ་འཁོར་བྱ།། དེ་ནས་གནན་པའི་དཀྱིལ་འཁོར་བྱ། ན་ཤེས་རབ་ཆུང་བ་དང་།
iiif viewer powered by OpenSeadragon
124a - 125a