e-texts navigator
Collection
Volume
Page
Wylie

124a1 བྱེད་པའི་རྒྱུད་ཀྱི་རྒྱལ་པོ་འཇིག་རྟེན་སྣང་བྱེད་ལས། ཚིག་བསྒྲུབ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཡང་གསང་བའི་བདག་པོ་ཆེན་པོས་ཀཱི་ལ་ཡ་ལ་གསོལ་པ། ཀྱེ་བཅོམ་ལྡན་འདས་མ་འོངས
124a2 པ་རྣམས་ལ་ཕན་པའི་ཆེད་དུ། སྦྱང་བ་དང་། སྤོ་བསྤུ་དང་། དངོས་གྲུབ་བླང་བ་ཞུ་བར་འཚལ་ལོ།། ཀཱི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་གསར་བདག་ཕྱག་རྡོར་ཁྱོད།། གང་ཟག་བསམ་པའི་དབང་གིས་ནི།། བཟླས་བརྗོད་ནས་པ
124a3 གསུམ་དུ་གྲགས།། ཕྲ་མོའི་དོན་བསྟན་སྤྲོ་བསྡུ་བསྟན།། དངོས་གྲུབ་མཆོག་ཏུ་མྱུར་བ་ཡིན།། ཡིད་ལ་གསལ་བའི་ཁ་རུ་བཟླས།། མངོན་དུ་གྱུར་དང་ཉོན་མོངས་དྲུག་པོ་ཇི་ལྟར་ན།། བདག་གཞན་གཉིས་ཀ་འདོན་ཅིགང་།།
124a4 དངོས་པོ་ཅི་ལྟར་བསྟན།། དངོས་གཞི་མེད་ན་ཕྲ་མོ་མིན།། བདག་ཉིད་སྲུང་དང་སེམས་ཅན་སྦྱང་།། ལྔ་དང་གསུམ་གྱི་མཚན་ཉིད་དེ།། མི་དམིགས་སྟོང་པའི་བདག་ཉིད་ཀྱིས།། མྱང་བ་དེ་ལྟར་བསྟན་པ་ཡིན།། བཤིག་དང་མདུད་དང་མཉན
124a5 གཞག། བརྟག་པ་གཉིས་སུ་ཤེས་པར་བྱ།། ཨ་ནི་ཨ་ལ་གནས་པར་བྱ།། དེ་བཞིན་སྲོག་ཀྱང་ཕྱིར་མི་རྒྱུ།། ཀུན་བརྟགས་ཡོངས་སུ་གྲུབ་པ་དང་།། གཞན་གྱི་བྱ་བ་གསུམ་གྱིས་བསྟན།། དང་པོར་ཆགས་གཞི་གང་དུ་གཏོགས།། ཅནག་འབྱུང
124a6 བབདུན་འགྱུར་ཡིན།། བདུན་འགྱུར་ཇི་ལྟར་ཆགས་གྱུར་ནས།། བདུན་འགྱུར་ལོ་ལྔའི་ནང་པར་དུ།། དགེ་སློང་དག་གི་ཆ་ལུགས་སུ།། ཨ་ཧཾ་བརྗོད་པའི་ཡི་གེ་ཆུ།། ཡི་གེ་གང་ལས་གྱུར་པ་ཡིན།། དེ་དག་འབྱུང་བ་ཇི་ལྟར་དགག། ཁེགས་ན
124a7 བསམ་གཏན་དངོས་པོ་ཡིན།། དེ་ནས་ཡ་ཡི་དོན་ལ་དཔྱད།། དཔྱད་པས་དུས་རྟགས་ཇི་ལྟར་འབྱུང་།། ཡེ་ཤེས་པསྐྱེད་པ་འོད་དགས་ལ་ཡིན།། ལམ་དང་འཟོད་པའི་འབྲས་བུའོ།། ཞེས་གསུངས་སོ།། དེ་ནས་གསང་བའི་བདག་པོས།




iiif viewer powered by OpenSeadragon

123b - 124b

Texts on this page

Gdg021.17 - rgyud kyi rgyal po dpal 'jig rten snang byed