| | e-texts navigator
|
123a1 ཆེན་ཡིན།། བསྲེ་ཡི་ལྷ་མོའི་རྫས་རྣམས་ནི།། འོ་མཁྲག་དང་མར་བུ་དང་།། སྦྲང་རྩི་དང་ནི་ཆང་རྣམས་སོ།། དེ་བཞིན་ཤཱ་ན་མྦྷ་བའི་ཡང་།། བྱི་ཐོད་མཟོད་སྦྲང་ཐོད་དང་།། འཕར་བའི་ཐོད་པ་དེ་བཞིན་ཏེ།
123a2 དེ་ཡི་ནང་དུ་རྫས་བསག་པ།། ཁྲག་སྔ་སྟོང་དང་ཤསྟྲ་སྟོང་།། སྙིང་སྔ་སྟོང་དང་རྐང་སྣ་སྟོང་།། ཤྭ་ན་ལ་སོགས་རྫས་སུ་གཞག། རེ་མ་ཏི་ཡི་རྫས་རྣམས་ཀྱང་།། ནལ་བུའི་ཤ་ལ་སོགས་པ་སྟེ།། དུ་མ་ཉིད་དུ་བསག་པར་བྱ།། རྐང
123a3 དུང་དང་ཞིང་ཆེན་དང་།། བྷནྡྷ་རཀྵ་ཙིཏྟཾ་དང་།། མཚོན་ཆ་དྲུག་ཀྱང་བསག་པར་བྱ།། ལྀངྒའི་རྒྱུ་རྣམས་བསག་པར་བྱ།། ཕྱི་དང་ནང་གི་རྒྱུ་ལས་བྱ།། དེ་ནས་མཎྜལ་ཐིག་ཀྱང་གདབ།། ཐིག་བཞི་བཏབ་པས་ལེའུ་ཚོགས།། གཉིས་གཉིས
123a4 ནང་དུ་དྲང་བྱས་ཏེ།། ཕྱི་ཡི་ཐི་མ་ཐིག་གཉིས་གདབ།། དེ་ཡིས་ཆ་གསུམ་དག་ཏུ་འགྱུར།། གཅིག་ལ་ཁྱམས་བྱ་གཅིག་ལ་སྒོ།། གཅིག་ལ་དབང་ཕྱུག་མ་རྣམས་དགོད།། ཕོ་བྲང་ཟླུམ་པོར་བྱས་པ་ལ།། གྲུ་གསུམ་བཅད་པས་བླ་གམ་གསུམ།།
123a5 དབུས་ལ་གྲུ་གསུམ་ཤར་གྱི་སྣ།། གྲུ་གསུམ་ནག་ལ་ཟླ་གམ་དམར།། གྲུ་བཞི་སེར་པོ་བར་ཁྱམས་དམར།། སྒོ་ཁྱམས་ཕྱོགས་ནི་རིགས་དང་མཐུན།། ལྕགས་རི་མུ་ཁྱུད་ནག་པོ་སྟེ།། དེ་ལྟར་མཎྜལ་བྱས་པ་དང་།། དབུས་སུ་ཡབ་དང་ཡུམ་ཡང
123a6 དགོད།། ཤར་གྱི་སཱ་ལ་སྲིས་མཆོག་དགོད།། ཁྱམས་ལ་ཤཱ་ན་རེ་མ་ཏི།། དེ་བཞིན་སྒོམ་པ་སྡེ་མོའོ།། ལྕགས་རི་ལ་ནི་དབང་ཕྱུག་མ།། ལས་ཀྱི་བྱ་བ་གཞུང་ཡང་བསྲང་།། བྱིན་བརླབ་དབང་བསྐུར་ཚུལ་བཞིན་བྱ།། གུ་གུལ་ཚིལ་ཆེན་དུད
123a7 པས་བདུག། དེ་ནས་གྲུ་གསུམ་སྣ་ལ་གཞག། དབང་མོ་ཆེ་ལ་ཕུར་པ་ཡིས།། བསྒྲུབ་བྱའི་ལིངྒ་བརྒྱད་ལ་བཞག། ཧི་རི་ཏི་དང་བ་ཏེ།། བ་རི་ཏ་དང་བ་ཏི།། ལྷ་ལྔ་དག་གིས་བསྐུར་མི་ཚུག། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ཡང་།
iiif viewer powered by OpenSeadragon
122b - 123b