e-texts navigator
Collection
Volume
Page
Wylie

122b1 ལྟ་བུ་ལི་གནས་ཉིད་དུ།། རྫས་ཚོགས་དགྲ་རྣམས་མེད་པར་བྱ།། ཉི་མ་དམར་ཐག་ཆད་པལ།། སྔགས་གཡོག་མཚན་དང་ལྡན་པ་ལ།། ཞིང་ཆུང་བླུང་བུ་ལག་ཏུ་བསྒྱུར།། ཁ་ནི་ཕྱོགས་བཞིར་བལྟས་ནས་སྲ།། འཇིག་རྟེན་ས་ལག་ཡབ་མས
122b2 གནག། རྔན་མ་ཆང་བྲད་བཏང་ནས་ཀྱང་།། མཉེས་པ་འི་དབང་བ་གཅུ།། དེ་ནས་རང་དུ་སྐར་མིག་སྟེ།། བཅུ་གཉིས་སྲེང་མ་འདབ་པོའོ།། མརྒྱ་བདུད་རྩིར་བཅས་པ་བུལ།། ཕྲིན་ལས་རྣམས་ཀྱང་དེ་བཞིན་བཅོལ།། ཞེས་གསུངས
122b3 སོ།། དེ་ནས་བཅོམ་ལྡན་འདས་ཀཱི་ལ་ཡ་ལ།། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་བ་བཏབ་པོ།། ཀྱེ་གནས་རྣམས་གང་ཡིན་དེ་རྣམས་སུ།། མཎྜལ་ལ་སོགས་ཇི་ལྟར་བརྩིག། སྐྱང་ནུལ་ཆག་ཆག་ཇི་ལྟར་གདེབ།། སྟེ་གོན
122b4 ཆོ་ག། ཇི་ལྟར་བྱ།། རྫས་ཀྱི་ཕུར་པ་ཇི་ལྟར་བཤམ།། ཞེས་གསོལ་ཏོ།། བཀའ་སྩལ་པ། རྣལ་འབྱོར་ལྷ་དང་པོ་ཟུང་གནས།། མཎྜལ་ཁྲུ་གང་གྲུ་བཞིར་བཅིག། བ་ཡི་ལྔ་དང་གུར་གུམ་ཆུ།། བུ་རམ་ཆུ་དང་སྤོས་བསྲེས་ལ།
122b5 དོར་ཆག་ཆག་ལེགས་པར་བྱ།། དེ་ལ་ཐིག་ལེ་མང་བྱས་ལ།། རིགས་ལྔ་ལ་སོགས་ཁྲག་འབུང་ཚོགས།། མེ་ཏོག་ཚོམ་བུ་ལྔ་རུ་བྱ།། ཕུར་པ་རྣམས་ཀྱང་སོ་སོར་གཞག། དེ་ལ་ཞག་གཅིག་བསྙེན་པ་བྱ།། དེ་ནས་ནང་པར་མཎྜལ་བརྟུལ།། །
122b6 ཕུར་བ་རྣམས་ཀྱང་དེ་བཞིན་བརྟུལ།། ཞེས་བྱའོ།། དེ་ནས་ཡང་གསེང་བའི་བདག་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་སྟ་གོན་དེ་ལྟར་བྱས་བཏུལ་ནས།། སྒྲུབ་པའི་རྫས་རྣམས་ཇི་ལྟར་བསག། མ་མོའི་རྫས་རྣམས་ཇི་ལྟར་བསག། ལིངྒེའི
122b7 རྒྱུ་རྣམས་ཇི་ལྟར་བསག། དཀྱིལ་འཁོར་ཐིག་རྣམས་ཇི་ལྟར་གདབ།། ཅེས་གསོལ་ཏོ།། ཀྱེ་གསང་བའི་མགོན་པོ་ཉོན་ཅིག། ཕུར་པའི་རྫས་རྣམས་ངས་བཤད་ཀྱིས།། ཧུང་དཀར་གུ་གུལ་ཚིལ་ཆེན་དང་།། ཤ་ཆེན་ཁྲག་ཆེན་དུག




iiif viewer powered by OpenSeadragon

122a - 123a

Texts on this page

Gdg021.17 - rgyud kyi rgyal po dpal 'jig rten snang byed