| | e-texts navigator
|
121a1 ཁྱེད་ནི། མཐུཆེ་བ་དང་། སྙིང་རྗེ་ཆེ་བ་དང་། ཤེས་རབ་ཆེ་བ་ཡིན་པས་དོན་བྱ་བར་བྱོས་ཤིག། ཅེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོ་ལ་སོགས་པས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མདོ
121a2 བཅུན་བཀའ་སྩལ་ན།། མི་མཇེད་ཁམས་ཀྱི་དོན་བགྱིད་དེ།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས།། བདག་ཅག་རྣམས་ནི་བྱིན་གྱིས་རློབས།། གསང་བའི་བདག་པོས་ཞབས་ལ་སྤྱི་བོས་གཏུགས་སོ།། དེ་ནས་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག
121a3 ཏ་ཙིཏྟ་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཨཱཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ&ཧཾ། ཞེས་བྱིན་གྱིས་བརླབས་སོ།། བརླབས་མ་ཐག་ཏུ། མི་མཇེད་སྤྲུལ་པ་བཀྱེ་བ་ནི། ཤྭ་ན་མཁའི་སྥུ་ལཱ་པཱ་ལ
121a4 སོགས་པ་དང་། རྡོ་རྗེ་ཡ་བྱིན་ལ་སོགས་པ་གསུང་གི་སྤྲུལ་པ་དང་། ཐུགས་ཀྱི་སྤྲུལ་པ་དུས་བཞིའི་རྒྱལ་མོ་སྟེ། བཞི་ཚན་གསུམ་གྱིས་སྲོག་གི་སྙིང་པོ་ཕུལ་བ་ནི། བྷྱོདྷཱརྫྫ་བྷྱོ། མ་མོ་ཀུན་གྱིས་སྲོག་ཀྱང་ཡིན།། ཨེ་ཝཾ་མ་ཡཱ་བ་ཞི་ཉིད་ནི
121a5 མ་མོ་ཀུན་གྱི་སྲོག་ཀྱང་ཡིན།། ཕྲིན་ལས་མཐའ་རུ་ཕྱིན་པ་ནི།། ཛ་ཛ་ཞེས་པ་བཞི་ཉིད་ནི།། མ་མོ་ཀུན་གྱི་སྲོག་ཀྱང་ཡིན།། ལ་ལ་ཇི་སྲིད་སྐུ་ཡི་སྲོག། ལ་ལ་ཇི་སྲིད་གསུང་གི་སྲོག། ལ་ལ་ཇི་སྲིད་ཐུགས་ཀྱི་སྲོ།། བདག་ཅག་རྣམས་ནི་ཇི་སྲིད་བར།
121a6 བུར་བ་བསྒྲུབ་པའི་གྲོགས་བགྱི་བས།། གལ་ཏེ་བདག་ཅག་འཁུས་པ་ན།། ཀཱི་ལ་ཡལ་འཁུས་པ་ལགས།། ལུས་ཀྱང་རུལ་ཞིང་མྱགས་པར་འོང་།། སེམས་ཀྱང་སྦྱོར་ཞིང་བརླག་པར་འགྱུར།། དག་ཀྱང་ལྐུགས་པར་འགྲོ་བ་ཡིན།། དེ་ལ་ཀཱི་ལ
121a7 ལས་སྔགས་དང་།། ཕྱག་རྒྱས་ཤིས་བསྟན་པ་འདི་གསུངས་སོ།། ལག་བཞི་ཡས་གཡོན་བསྣོལ་ནས་ནི།། མཐེའུ་གཉིས་ནི་སྦྲེལ་ནས་ནི།། མཛུབ་མོ་གཉིས་ནི་མཆེ་བར་བྱ།། སྔགས་ནི་འདི་སྐད་བརྗོད་པར་བྱ།། ཨོཾ་བཛྲ་ས་མ་ཡ་སྔ་ཨ
iiif viewer powered by OpenSeadragon
120b - 121b