| | e-texts navigator
|
116b1 ལྟེ་དར་གཟུགས་བྲིས་ལ།། སྙིང་གར་རུས་ལ་དཔྲལ་བར་མིང་།། ཡན་ལག་བཞི་ལ་ཡིག་འབྲུ་བཞི།། མཱ་ར་ཡ་ཡིས་མཐའ་མ་བསྐོར།། ཤོག་བུ་ལ་ཡང་དེ་བཞིན་ཟེའོ།། སྣརོན་དམར་དཀྲི་ཞིང་རེ་བས་གཏུམ།། བསྙེན་བསྒྲུབ་གདབ་ལས་ཚུལ
116b2 བཞིན་བྱ།། ཟོར་དང་ཧོམ་དང་མནན་པ་དང་།། ཐ་མས་ལས་སུ་གྲུབ་པ་ཡིན།། གང་དུ་བྱེད་པར་གྲུ་གསུམ་བྲི།། ཨེ་ཡི་ཚོགས་ཀྱིས་གཞལ་ཡས་བསྐྱེད།། སྟོབས་པོ་ཆེ་ཡི་ཐུགས་ཀ་ནས།། ཛཿལས་ལྕགས་ཀྱུས་བཀུག་ཅིང་བེ་ཉི་མ།
116b3 ཐོད་པ་དེ་རུ་སྦས་ནས་ནི།། སྟོབས་པོ་ཆེ་ཡི་ཕུར་གྱིས་གདབ།། རྒྱ་སྣུམ་མནན་ཅིང་ལས་བཞིས་བརྡུང་།། གང་ལས་བྱས་ཀྱང་ཐེ་ཚོམ་མེད།། ཁྲོ་བོ་སྟོབས་པོ་ཆེའི་རྒྱུད་ལས། སྲི་མནན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས
116b4 བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་ཆུལ་པོ་ལ། ཀརྨ་ཧེ་རུ་ཀ་དང་། དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་དང་། འཁོར་མགོ་བརྙན་གྱི་ཚོགས་ཀྱིས་གསོལ་བ་གདབ་པའི་ཕྱིར་འདི་སྐད་ཅེས་བསྟོད་དོ།། ཀྱེ་མ་གསང་བའི་བདག་ཉིད་གཙོ།
116b5 སྐུ་གསུང་ཐུགས་ཀྱི་རབ་ཟབ་པ།། རྒྱ་མཚོ་ལྟ་བུའི་ངང་ཚུལ་ཅན།། ཟིལ་གནོན་ཆེན་པོ་ཁྱོད་ལ་བསྟོད།། ཅེས་གསོལ་པས། དེ་ནས་ཁྲག་འཐུང་གི་རྒྱལ་པོས་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་ནི་བཅོམ་ལྡན་ང་དང་འདྲ།། ཁྱོད་ནི་ཁྲག་འཐུང
116b6 ར་དང་མཉམ།། སེམས་ཅན་ཀུན་ལ་ཕན་བྱེད་ཡིན།། ཁམས་གསུམ་སྙོམས་པའི་ཕ་མ་ཡིན།། ཞེས་གསུངས་སོ།། དེ་ནས་འཁོར་རྣམས་དགེས་ནས་སྐུ་གསུང་ཐུགས་ལ་བཏུད་དོ།། དེ་ནས་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ང་ནི་མཉམ་པའི་ངངལ་འཇོག། དེ་ཚེ་གསུང་བའི།
116b7 ལུང་ཆེན་ཡང་།། རྒྱལ་པོ་ཛ་ཞེས་ཁང་སྟེངས་སུ།། གསང་སྔགས་རྒྱུད་རྣམས་འབྱུང་འགྱུར་གྱི།། ཤཱཀྱ་ཐུབ་པའི་བསྟན་པ་ལ།། དབུས་འགྱུར་ཚལ་དུ་དར་བར་འགྱུར།། ཇོ་བོ་སྟཟླ་པོ་ཆེའི་རྒྱུད་ལས། རྒྱུད་ཡོངས་སུ་གཏང་བའི་ལེའུ་སྟེ་ལྔ་པའོ།། ཁྲོ་བོ་སྟབ་པོ་ཆེའི་རྒྱུད་ཁྲི་བཙུ་རོལ་པའི་རྒྱུད་ཆེན་པོ་རྡོ་སླ་སོ།།
iiif viewer powered by OpenSeadragon
116a - 117a