| | e-texts navigator
|
115b1 པོར་སྥོ་ཊ་ཐ་མར་ཕཊ།། དེ་ལྟར་ཡི་གེ་བརྒྱ་པ་ཡིས།། འོག་གི་འཁོར་ལོའི་ཡི་གེ་བསྐུལ།། འོག་གི་འཁོར་ལོ་འདབ་བརྒྱད་དབུས།། གྲུ་གཟུགས་དབུ་གསུམ་སྦྲུལ་མགོ་དྲུག། གཡས་པ་ཨུཏྤལ་གཡོན་པ་པད།། འཁོར་ལོ་པདྨའི་རྩིབས་དག་ལ།།
115b2 ཎེ་གྱིས་མགྲོ་བྱས་ལ་ཕཊ་གྱི་གཞུག། དེ་ལྟར་ཡི་གེ་བཅུ་དྲུག་དང་།། རང་ཕྲེང་ས་བོན་དེ་རྣམས་ཀྱིས།། འོད་ཀྱི་ཀླུ་རྣམས་བསྲེག་པར་བསམ།། དང་པོས་དགུག་དང་གཉིས་པས་བསྟིམ།། ཐམས་གཟེར་ཏེ་ལྕགས་ཀྱིས་ཟེ་བ།། དེ་ལྟར་བྱས་ན
115b3 སྨན།། ཤིན་ཏུ་སྐྲག་ཅིང་སྤངས་འགྱུར་ཏེ།། རྒྱ་མཚོའི་རླབས་ནས་ཆར་གྱི་རྒྱན།། ཤིན་ཏུ་བརླབས་ནས་ཕེབས་པར་བྱེད།། དེ་ཡིས་འོད་པར་གདོན་མི་ཟ།། གཏོར་མ་བསྔོས་ལ་འཁོར་ལོ་བཀྲ།། པདམརར་དཀར་འོ་མས་གསོ།། ཀླུ་སྨན
115b4 ས་ལུ་རྣམས་གསོ། གལ་ཏེ་ཆུར་པ་ཚྭ་གྱུར་ན།། འཁོར་ལོ་སྟེང་མའི་སྟེང་འཇུག་པ།། འོག་གི་སྔགས་རྣམས་གཞུག་ནས་བཟློག། སྔགས་དེས་ཆ་པའཆང་བང་ངེས།། བསྡུ་བར་བྱས་ལ་རང་ལྷ་ཉིད།། གསལ་བའི་དཀྱིལ་འཁོར་དེ་ཉིད་།
115b5 དཀྱིལ་འཁོར་ཞེས་བྱའོ།། དྲག་པོའི་དཀྱིལ་འཁོར་རབ་གསལ་བྲི།། ཐུན་དང་རོལ་མོ་དཔག་བསམ་ཤིང་།། འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན།། རྒྱལ་མཚན་ལ་སོགས་རྒྱན་རྣམས་ཀྱིས།། གསུང་བའི་དཀྱིལ་འཁོར་ཀུན་ལ་བརྒྱན།། ལས་འདི་ཀུན་གྱི་མཆོག
115b6 དམ་པ།། རྣལ་འབྱོར་དམ་པས་ཉམས་བླངས་ན།། ལས་གང་བྱ་བར་ཐོགས་པ་མེད།། དམཚིག་ལྡན་པའི་མི་རྣམས་ཀྱིས།། བྱས་ལ་འབྲས་བུ་འོད་ཅེས་བྱ།། ཁྲོ་བོ་སྟོབས་པོ་ཆེའི་རྒྱུད་ལས། དཀྱིལ་འཁོར་དང་ཆར་པ་དབབ་པའི་ལེའུ་སྟེ་གཉིས་པའོ།།
115b7 དེ་ནས་བཅོམ་ལྡན་འདས་ཁྲག་འབྱུང་གི་རྒྱལ་པོ་དས། སྤངས་འབྲར་གཞོམ་པའི་དོན་འདི་བསྟན་ཏཱ་དག་ཏེད་སྟོབས་པོ་རྔ་དུ་བསམ།། ལྕེ་ལ་རྡོ་རྡོ་རྩ་གསུམ་བསྒོམ།། ནད་པོའི་ལུས་ལ་ལྡོག་པར་བྱ།། འབྲུ་དགུའི་ཞབས་པ་ཊྭཱཾག་གདགས།
iiif viewer powered by OpenSeadragon
115a - 116a