| | e-texts navigator
|
115a1 སྤྱན་ཡང་དྲངས།། དགུག་དང་གཟུག་དང་བསྟིམ་པ་སྟེ།། བརྟན་པར་བྱས་ལ་མཆོད་རྫོགས་བྱ།། བསྟོད་པ་བྱས་ལ་བཟླས་པར་གཞུག། སྒྱིང་གའི་བྷྲཱུཾ་ལས་འོད་འཕྲོས་པས།། འོག་གི་ཀླུ་རྣམས་བཀུག་ནས་ནི།། བདག་གི་ཞབས་ལྡན།
115a2 ཚུད་པར་བསམ།། དེ་ལ་བཟླས་པའི་སྙིང་པོ་འདིའོ།། ཨོཾ་ཝོ་ཊ་ཡ་སྥོ་ཊ་ཡ། ནཱ་གཏལ་ཕཊ། ནཱ་ག་རྦྷ་གདུན་དུན། ཧྲྀད་ཡ་ཕཊ། དེ་ལྟར་སྔགས་འདི་ཁྲི་ཕྲག་གཅིག། རབ་ཏུ་དྲུག་པར་འདི་བཟླས་ན།། ཀླུ་རྣམས་རབ་ཏུ་ཞིག་འགྱུར་ཏེ།། ཆར
115a3 རྒྱུན་རྣམས་འབེབས་པར་བརྟག། དེ་ཡི་མཚན་མ་བསྟན་པ་ནི།། ཉམས་ཟུག་རྫོ་དོད་འབོད་པའམ།། སྣརེལ་གཅོད་སྐམས་པ་མཐོང་བ་དང་།། དེ་ནས་ལྔས་ལ་སྐུར་བར་བྱའོ།། ཆུ་མིག་གཉེན་པོའི་ཁར་སོང་ལ།། ཀླུ་རྣམས་སྣ་ཚོགས་གཏོར་མ
115a4 བཻ་ཤམས།། དེ་ལ་བ་དམར་འོ་མ་སྦེང་།། དྷཱི། སྟོན་པ་ང་ཡི་བཀའ་བསྒོ་ཡིས།། གྲུ་ཆེན་བརྒྱད་ལ་སོགས་པ་ཡི།། བསུ་རིག་དྲུག་འདིར་འདུས་ཤིག། སོ་སོའི་གནས་ནས་བསྐུལ་བར་བསམ།། བདག་གི་ཐང་ཀར་འདུས་ནས་ནི།། ཇི་ལྟར
115a5 ཞེས་ཟེར་བར་བསམ།། ང་ཡི་གཏོར་མ་འདི་ལོང་ལ།། སེམས་ཅན་ཚ་བས་གདུང་བ་ལ།། ཚོར་པའི་རྒྱུན་རྣམས་དབབ་ཏུ་གསོལ།། གཏོར་བ་སྔོས་ཚིག་བཤད་འདི་ཡང་བརྗོད།། གལ་ཏེ་ཆར་པ་མི་འབེབས་ན།། ཀར་བཱི་རིའི་རྒྱ་ལུགས་གིས།། གཟུགས
115a6 ཕུང་ཐལ་བ་བཞིན་དུ་ནི།། བརྟག་པར་འགྱུར་ཏེ་གདོན་མི་ཟླ།། ནཱ་ག་ཙི་ཏྟ་ས་མ་ཡཽ་སྟྭཾ། སྔགས་ཀྱིས་གནད་ལ་བོར་བ་ཡིས།། ཆར་གྱི་རྒྱུན་རྣམས་ངེས་པར་འབེབ།། གལ་ཏེ་མར་པ་མ་སྟེར་ན།། ངུར་ཁྲོད་རས་མ་བླངས་ནས་སུ།། རང་བྲང་མེ་ཏོགས
115a7 བུས་ཀྱུག། ལྡོང་ངོས་སེར་པོས་འཁོར་ལོ་བྲི།། འཁོར་ལོའི་དབུས་སུ་སྟོབས་ཆེན་བྲི།། ཞལ་གཅིག་ཕྱག་ཀྱང་གཉིས་པ་སྟེ།། གཡས་པ་རྡོ་རྗེ་གཡོན་རྒྱ་ལྕགས།། སྔགས་རྣམས་བཟླས་ཞིང་ཀླུ་ལ་ཐབ།། འཁོར་ལོའི་རྩིབས་ལ་སྔགས་འདིའོ།།
iiif viewer powered by OpenSeadragon
114b - 115b