e-texts navigator
Collection
Volume
Page
Wylie

114b1 ཞལ་དུ་བསྟབས།། དེ་ཡིས་ལས་ལ་ངེས་པར་ནི།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། སེམས་ཅན་ཚབས་གདུང་བ་ལ།། ནང་པའི་རྒྱུན་རྣམས་རབ་དབབ་ན།། གཞལ་ཡས་གསལ་བའི་དབུས་སུ་བད།། དེ་སྟེང་ཉི་མ་ཟླ་བ་བསམ།། ཐབས་དང་ཤེས་རབ
114b2 ཡི་སོགས་ལ།། དེ་གཉིས་དབུས་སུ་བསམ་བྱ་བ།། སྦྲུལ་གྱི་ཆུན་པོའི་གདན་དུ་བསམ།། དེ་སྟེང་བདག་པོའི་གཟུགས་བསམ་ཏེ།། དེ་ལྟས་འོད་འཕྲོས་སླར་འདུས་པས།། བདག་པོའི་དངོས་གཞི་རབ་ཞུ་སྟེ།། མི་ཤིགས་དོན་ལྡན་ཉིད་དུ་བཏག། དེ
114b3 ལས་འཕྲོས་འོད་སླར་འདུས་པས།། ཆོས་དབྱིངས་གཟུགས་བརྙན་ཉིད་དུ་སྟེ།། དེ་ལ་སྔགས་འདི་སྐུ་ལྟར་བྱུང་།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་མ་ཧཱ་བ་ལ་ཧཱུཾ། གསང་སྔགས་བརྗོད་པས་སྐུ་རུ་གྱུར།། དབུ་གསུམ་ཕྱག་དྲུག་རྒྱན་དང་ལྡན།། གཡས་པ་དཀར་ལ་གཡོ
114b4 པ་དམར།། དབུས་མ་དུད་ཁ་ལྟ་བུ་སྟེ།། གཡས་གཡོན་རྡོ་རྗེ་བྷ་དྷཱའོ།། བར་མ་ཐོ་བ་ལྕགས་ཀྱུའོ།། ཐ་མ་འདུལ་བའི་ཕྱག་རྒྱ་བསྣམས།། ཐུགས་ཀའི་ཧཱུཾ་ལས་འབར་བར་བསྐྱེད།། སྒྲའམ་གྲིབ་མའི་ཚུལ་དུ་བསམ།། དེ་ལྟར་ཡོངས་སུ་རྫོགས་པ་དང་།
114b5 ཡེ་ཤེས་སེམས་དཔའ་བསམ་པར་བྱ།། ཏིང་འཛིན་སེམས་ལས་འོད་འཕྲོས་པས།། ཕྱོགས་བཅུའི་རྒྱལ་བ་སྤྱན་དྲངས་ཏེ།། བདག་གི་གཙུག་ཏུ་བཞུགས་པར་བརྟག། དེ་ལ་བསྐོར་ན་ལན་གསུམ་བྱ།། ཕྱི་ནང་གསང་བའི་མཆོད་པས་མཆོད།། དེ་རྗེས་དབང
114b6 རྣམས་ཚང་བར་ནོད།། དེ་ནས་རང་བཞིན་གནས་སུ་གཤེགས།། ཐབས་དང་ཤེས་རབ་ཁྱད་པར་ལས།། འཁོར་གྱི་དཀྱིལ་འཁོར་གསལ་བར་བཕྱེད།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དུད།། ཀ་ར་བྷི་རའི་ཕུར་བུའོ།། སྦྲུལ་བརྒྱན་ཕུར་བུའི་གདན་ལྔ་བཞུགས།།
114b7 ས་བོན་རྣམས་ཀྱིས་རྣམ་པར་མཚན།། སྒོ་བཞི་གཞན་ལ་དེ་བཞིན་ཡིན།། ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས།། བསྐྱེད་པའི་སྔགས་ཀྱིས་རབ་བསྐུལ་ནས།། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རོ།། རྡོ་རྗེ་གཡབ་མོས་གཡབ་ནས་ནི།། ཡེ་ཤེས་དཀྱིལ་འཁོར




iiif viewer powered by OpenSeadragon

114a - 115a

Texts on this page

Gdg021.15 - khro bo stobs po che'i rgyud