| | e-texts navigator
|
114a1 གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཡང་དཔལ་ཁྲག་འབྱུང་གི་རྒྱལ་པོས། དཀྱིལ་འཁོར་གྱི་དོན་གསུངས་ཏེ།། སྟོབས་པོ་ཆེ་ཡི་དཀྱིལ་འཁོར་ནི།། ལས་པ་རྡོ་རྗེ་རྒྱ་གྲམ་ལ།། ཁ་དོག་སྟན་པོ་འོད་དང་བཅས།། དམི་སྟེ་བཀྲ
114a2 བཞི་ལ།། མཐིང་ནག་གུ་གསུམ་འབར་བ་བྲི།། པདྨ་ཁ་དོག་ལྔ་དང་ལྡན།། རྡོ་རྗེ་ར་བའི་བར་དུ་བྲི།། དེ་ཡི་ནང་དུ་བསམ་བྱ་བ།། སྦྲང་རྩིའི་སྙིགས་མ་ལས་གཟུགས་བྱ།། གྲོ་ག་ཤིང་ཤུན་གང་དང་གང་།། དུར་ཁྲོད་རོ་ཡི་ཁྲག་གིས་ནི།། མིང་དང་རུས
114a3 གཉིས་བྲིས་ནས་ནི།། དཔྲལ་བར་མིང་ནི་བསྟན་པར་བྱ།། སྟེང་གར་གྲུ་གསུམ་རབ་བྲུས་ལ།། དེ་རུ་གཟུགས་དང་རུས་སུ་བཅས།། བཅུག་ལ་བཞག་པར་བྱ་བ་ཡིན།། དེ་ཡི་སྟེང་དུ་བསམ་པའི་ལྷ།། ས་ཥོག་ལས་ནི་སྐུར་བཞེངས་ལ།། རྡོ་རྗེ་ཆོ་ག་གསུ
114a4 གྱིས་གསལ།། ལུ་ནི་སྔོན་པོ་འབར་བས་འཁྲིགས།། ཞལ་གཅིག་ཕྱག་གཉིས་ཞབས་ཀྱང་གཉིས།། ཕྱག་གཡས་རྡོ་རྗེ་ཆེན་པོ་འབར།། གཡོན་པ་སྡིག་པའི་འཛུབ་མོ་སྟོན།། སྐྲ་སེར་ཀྱེ་ན་འཁྱིལ་སྐུལ་གྱིས་བརྒྱན།། སྤྱན་བཟློག་གསུམ་གཟིགས་ན
114a5 ནས།། སྨིན་མར་བ་བཏེགས་ཨ་གཅོམ་འབར།། སྟག་ལྤགས་གཡང་གཞིའི་ཤམ་ཐབས་ཅན།། ཡེ་ཤེས་མེ་དཔུང་རང་ཉིད་བསྒོམ།། དེ་ཡི་སྦྱོར་བ་རབ་བཏང་ནས།། དགུག་སྟེ་གཟུགས་ལ་ཕབས་ནས་ནི།། སིང་ལྡེང་ཞུར་པ་སོར་བརྒྱད་ལ།། སྔོན་དམར་སྡུད་པས་སྤྲེམ
114a6 བཞག། བསུང་བའི་ལྷ་དང་ཕྱེ་ཕྲལ་ལ།། སྔགས་ཀྱི་འོད་ཟེར་མ་རུངས་པས།། གཟུང་ལུང་རབ་ཏུ་འཇིགས་པར་བསམ།། ཡེ་ཤེས་སེམས་དཔའི་ཐུགས་ལས་བྱུང་།། བཟླས་གྲངས་ཁྲི་ཕྲག་གསུམ་དུ་བཟླས།། དུས་དུས་སུ་ནི་ཕུར་བས་བསྡིགས།། གྲངས་དར་ཐོགས
114a7 ལ་སྔགས་བཟླས་ལ།། གཟུགས་བརྒྱན་དེ་ལ་བརྡེག་པར་བྱ།། ཐུགས་ཀྱིས་བོན་འོད་ཟེར་གྱིས།། ལས་གང་བྱེད་པ་ཉིད་དུ་བརྟག། དུས་བཞི་དཀྲུག་ཅིང་བསྟིམ་པ་བྱ།། མཚན་མ་བཟང་པོ་བྷྲི་བ་དང་།། གནས་ལྔ་དག་ཏུག་དབ་པར་བྱ།། ན་གྱིས་གཏུ
iiif viewer powered by OpenSeadragon
113b - 114b