e-texts navigator
Collection
Volume
Page
Wylie

113a1 སྔགས་བསྡུ་ཞིང་བསྡུ།། བསྐྱེད་པ་རྒྱུན་གྱི་སྔགས་སུ་བསྒོམ།། བསྐུལ་བ་རྦད་དང་བཟླས་དང་གསུམ།། དོན་གྱི་ཡི་གེ་བསྡུ་བའོ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། དྲག་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། དེ་ནས་པང་བ།
113a2 ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས།། བུ་མོ་དཀུག་པའི་ལས་བསྟན་ཏེ།། གནས་ཁང་ཚུལ་དང་ལྡན་པ་རུ།། དཀྱིལ་འཁོར་རྩིབས་བརྒྱད་བྲིས་བྱས་ལ།། རྫས་དགྲམ་ཕུར་པ་དགོད་ནས་ནི།། བསྟེན་ཕུར་དག་ལ་ཞག་བདུན་བཟླས།། རང་གི་སྤྲིན་དགྲ
113a3 དག་ཏུ་ནི།། ཙནྡན་ལྟེ་གུས་འཁོར་ལོ་དྲུག་ཀྱང་བྲི།། འཁོར་ལོ་དྲུག་ལ་སྔགས་དྲུག་བྲི།། དབུས་ཀྱི་ལྟེ་བར་འབྱུང་གུ་བྲི།། མཐའ་མ་ཁྲོ་བཅུར་ཤེས་པར་བྱའོ།། རྣལ་འབྱོར་རང་ཉིད་བསྒོམ་པའི་དུས།། ལག་པ་གཡས་པ་བྲི་བར་གསུངས།། རང་ཉིད་འ
113a4 གསུམ་རྣམ་རྒྱལ་བསྒོམ།། བསྒྲུབ་པ་བོན་པའི་ནང་བར་དེ།། ཁ་རུ་སྤོ་ནི་སོ་ཆ་མུར།། མྱ་ངན་མེད་ཀྱི་གྲིབ་མ་ལ།། རྩ་སྔགས་གཞུག་ལ་སྔགས་དྲུག་བཟླས།། འབྲུ་དགུ་དོན་གྱི་མགོ་ལ་དྲིལ།། ལྷ་དང་ཀླུ་ཡི་བུ་མོ་དང་།། འཁོར་ལོ་མཐོང་ཚད་ཀམ་དུ་འོང་།།
113a5 གསང་བའི་དབང་བསྐུར་སྤྱོད་པ་བརྩམ།། ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར།། ལྷུན་གྱིས་གྲུབ་པའི་ས་ལ་གནས།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། བུ་མོ་དགུག་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག
113a6 འཐུང་གི་རྒྱལ་པོ་དེ་ལ། ཀརྨ་ཧེ་རུ་ཀ་དང་། དྲྀ་ཤོཀྵི་མགོ་ཅན་དང་། སྲེ་མོའི་མགོ་ཅན་དང་། མགོ་བརྙན་གྱི་ཚོགས་དགྱེས་ནས་གསུངས་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཇི་ལྟར་ཁྲག་འཐུང་རྒྱལ་པོ་ལགས།། ཇི་ལྟར་ཁྲོ་བོའི་རྒྱལ་པོ་ལགས།
113a7 དེ་ལྟར་དུས་གསུམ་རྒྱལ་པོ་ལགས།། ཇི་ལྟར་ཆོས་ཉིད་རྒྱལ་པོ་ལགས།། ཞེས་གསོལ་པས། འཁོར་རྣམས་ལ་ཁྲག་འཐུང་གི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ང་ནི་འཁོར་བ་ཞལ་དུ་རྔུབ།། ང་ནི་དུས་གསུམ་རྩད་ནས་གཅོད།། ང་ནི་ལོག་ཏོག་ཚང




iiif viewer powered by OpenSeadragon

112b - 113b

Texts on this page

Gdg021.14 - khro bo khams gsum rnam par rgyal ba'i rgyud