| | e-texts navigator
|
112a1 དབུས་སུ་གདབ།། གུ་གསུམ་ཨེ་ཡི་དཀྱིལ་འཁོར་དུ།། དབུས་སུག་ལུབ་སྦྱར་བཞག། གཡོན་དུ་འགུགས་པའི་དཀྱིལ་འཁོར་ཟླ།། གཡས་སུ་གསང་བའི་མཱ་ར་ཡ།། ལྕགས་ཀྱུ་ཅན་གྱིས་དགུག་བྱས་ལ།
112a2 ཕུར་ངག་གིས་གདབ་པར་བྱ།། རྩ་སྔགས་པས་སྔགས་རབ་ཏུ་ག་ཅེས།། སྔགས་དྲུག་འཕྱོང་གི་འཁོར་ལོ་བསྐོར།། མཚན་མ་བཟང་པོ་བྱུང་བ་དང་།། ཟླ་བ་བདུན་གྱིས་འགྲུབ་པར་བྱེད།། གང་ལེ་བཏབ་ཀྱང་ཐོགས་པ་མེད།། ཅེས་གསུངས་སོ།།
112a3 ཁྲོ་གྲོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། སྲོག་གི་འཁོར་ལོའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། བླ་དང་ལྷ་འདྲེ་རྒྱུ་བའི་དོན་བསྟན་ཏེ།། ཤབ་ཟླ་བ་སྲོད་ལ་རྒྱུ།། ལུག་དང་ལྷན
112a4 གཉིས་ནམ་ཕྱེད་རྒྱ།། ཕག་གི་བླ་ནི་ཐ་རངས་རྒྱ།། བྱི་བ་ཉི་མའི་རྩེ་ལ་རྒྱུ།། རྟ་ནི་ཉི་མ་ཕྱེད་ན་རྒྱུ།། ར་ནི་ཉི་མ་ནུབ་ན་རྒྱུ།། གཡག་དང་གླང་ནི་ས་སྲོས་རྒྱུ།། འཚོ་བར་བྱེད་པ་ཡུལ་ལྷ་སྟེ།། སྐྱོབ་པར་བྱེད་པ་དགྲ་ལྷའོ།། འགེགས་པར་བྱེད
112a5 པ་མ་སྨན་ཡིན།། འགོ་བ་བན་པོ་ན་སྲུང་མ་ཡིན།། སྲུང་བར་བྱེད་པ་སྲོག་ལྷའོ།། ཐོ་རངས་ལྷ་འདྲེ་རྒྱལ་པོ་རྒྱུ།། ཉི་མའི་རྩེ་ལ་དཀྲ་ལྷ་རྒྱ།། ཉིན་ཕྱེད་དྲོས་ནས་དམག་དཔོན་རྒྱུ།། ས་རྣམས་ཚབ་ཚུབ་བཙན་ཡང་རྒྱ།། སྲོད་ཀྱི་དུས་སུ་བདུད
112a6 ཀྱང་རྒྱུ། ནམ་གྱི་གུང་ལ་གཤིན་རྗེ་རྒྱ།། ནམ་ཕྱེད་དུས་སུ་མ་མོ་རྒྱུ།། རྒྱུ་ཟའི་དུས་སུ་དྲག་སྔགས་བརྡེག། ལས་སྦྱོར་དག་ནི་བརྩམ་པར་བྱ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། ལྷ་འདྲ་དང་བླ་རྒྱ་བའི་ལེའུ་སྟེ་བཞི་པའོ།།
112a7 དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས། དྲག་སྔགས་ཀྱི་དོན་འདི་བསྟན་ཏོ།། ཨ་ནི་སྭ་ཡི་སྙིང་པོ་སྟེ།། ལུས་ནི་སྒྲོལ་བའི་དྲག་སྔགས་ཡིན།། ཀ་ནི་གསུང་གི་སྙིང་པོ་སྟེ།། ངག་ནི་སྒྲོལ་བའི་དྲག་སྔགས་ཡིན།། ཙ་ནི་ཐུགས
iiif viewer powered by OpenSeadragon
111b - 112b