| | e-texts navigator
|
111b1 དཀྱིལ་འཁོར་ནི།། མཐིང་ནག་གུ་གསུམ་མི་བཟད་པ།། རབ་ཏུ་འབར་བའི་མེ་ཡིས་བསྐོར།། སོ་བཞི་ནང་དུ་བརྐོས་གྱུར་པ།། དེ་ཡི་ནང་དུ་བཞག་པའི་རྫས།། དཔག་བསམ་ཤང་ལ་བླངས་ནས་ནི།། རབ་ཏུགཏུབཅིང་སྔགས་མང་བཟླས།།
111b2 དེ་ནས་སྲོག་མཁར་ས་དང་བསྲེ།། བོང་བུའི་བདུད་རྩིས་གཟུགས་སྦྲུས་ཏེ།། ཤིང་ཤུན་མིང་རུས་གིས་བྲིས་ལ།། སྙིང་གར་བླན་ཏེ་བཟླས་པས་འགྲུབ།། དེ་ཡི་སྟེང་དུ་བསམ་པའི་ལྷ།། ས་བོན་འོད་ལས་དེ་སྐྱེས་པར།། མཁས་པས་ཤེས་པར་བྱ
111b3 པ་ཡིན།། དེ་ལ་ཐམས་ཅད་རྫོགས་པར་བྱ།། རབས་ཆད་རྐང་གི་ཕུར་པ་ལ།། བཟླས་པ་ཁྲི་ཕྲག་གསུམ་དུ་བྱ།། དེ་ནས་མཚན་མ་མཐོང་བ་དང་།། གདབ་པའི་ལས་རྣམས་བྱ་བ་ནི།། དེ་ནས་གཏུབས་དང་བསྡུ་བ་བརྡུང་ལ།། ཀུན་ལ་དེ་བཞིན
111b4 ས་།། འདི་ཀྱིས་གས་པ་ས་པ་བྱེར།། ཐིག་སསམནམ་པར་སྒྲུལ་པའི་སྤྱད་པ། དཀྱི་མ་ཀྱི་ཡིན་ས་པའི། དེ་ནས་ལྡན་འདས་རྣཔ་འ་ག་རྣམ་པོ་དང་། གསུད་བའི་འན
111b5 འདི་གསུངས་སོ།། ཞིང་ཆེན་རས་མའི་དུམ་བུ་ལ།། རྩིབས་དྲུག་འཁོར་ལོ་སྔགས་དྲུག་བྲི།། ཚིལ་ཆེན་དུད་པས་སྣག་ཚ་བྱ།། ལག་ཟུར་དག་གིས་སྟུག་ཀུ་བྱ།། བྲི་བའི་དུས་ནི་ཉི་མཚུངས་དང་ཟླ་བ་ཏ།། ཡང་ན་སྲིན་དུགས་འོག་སོང་།། དེ་ཡི་དུས
111b6 སུ་བྲི་བར་བྱ།། གྲོ་གཞིང་ཤུན་རས་དག་ལ།། དགྲ་བོའི་མིང་བྱུང་བྱེ་བར་བྱ།། དཔྲལ་བར་དུས་ལ་སྙིང་གར་མིང་།། གཡས་སུ་དྲིལ་གཡོན་དུ་པཊ།། འདོམས་སུ་མྦཱ་ར་ལ་ཞེས་བྲིས།། ཡན་ལག་བཞི་ལ་འབྱུང་ཆེན་བཞི།། ཐ་མ་འབྲུ་དཀྲི
111b7 བསྐོར་བར་བྱ།། འཁོར་ལོའི་དབུས་སུ་བཅུག་ནས་ནི།། མོན་པ་ཕོ་མོའི་ཐོད་པ་རུ།། འཁོར་ལོའི་སྔགས་དྲུག་གོང་མ་བཞིན།། ཐོད་པ་གའུ་ལ་སྦྱར་དུ།། དགྲ་ཡི་མིང་དང་འཁོར་ལོ་གཟུག། སེང་ལྡེང་ཕུར་པ་སོར་བཞི་ལ།། མི་བྱུང་འཁོར་པོ
111b8 སྲུགཔ་གྱུར
iiif viewer powered by OpenSeadragon
111a - 112a