e-texts navigator
Collection
Volume
Page
Wylie

111a1 རྒྱག་སྐད་དུ། ཀྲྀདྷ་ཏྲཻ་ལོ་ཀྵ་བི་ན་ཡ་ཏྟཱཿ། བོད་སྐད་དུ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འ་སྔམ་མོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིགན། བཅོམ
111a2 ལྡན་འདས་ཁྲོས་པའི་མངའ་བདག་ཏུ་གྱུར་པའི་རྒྱལ་པོ། འཇིགས་པའི་སྐུ་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ནས། ཁྲོས་པའི་གསུང་དྲག་པོའི་གདངས་སྦས་ཐམས་ཅད་ཟིལ་གྱིས་གནོན་པའི་རང་བཞིན་ཡོངས་སུ
111a3 དགེ་པར་བཞུགས་ཏེ། འོག་མིན་གྱི་གནས་ཞེས་བྱ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། དུར་ཁྲོད་ཀྱི་གཞལ་ཡས་ཁང་ན། རྟག་ཏུ་ཡུམ་དང་ལྷན་ཅིག་ཏུ་བཞུགས་ཏེ། འཁོར་ཀརྨ་ཧེ་རུ་ཀ་དང་། དྲེད་མོའི་མགོ་ཅན་དང་། སྲེ་མོའི་མགོ་ཅན་དང་།
111a4 མགོ་བརྙན་གྱི་ཚོགས་ཀྱིས་འདི་སྐད་ཅེས་ཞུས་སོ།། ཨེ་མ་ཧོ།། དེ་ཉིད་མ་བཅོས་བྱང་ཆུབ་སེམས།། དེ་ཉིད་གསལ་བའི་ངང་དུ་ཤར།། གཞུག་པའི་མི་རྣམས་ལྷན་ནེའོ།། ཁྲོས་པའི་བདག་པོ་མི་གནས་པའི།། ཐམས་ཅད་དོན་དམ་བྱང་ཆུབ
111a5 སེམས།། ཞེས་གསོལ་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས་བསྐུལ་བར་ཐུགས་སུ་ཆུད་དེ། ལན་འདི་གསུངས་སོ།། ཨེ་མ་ཧོ།། རྨད་དུ་བྱུང་བ་གསང་བའི་བཀའ།། གསང་བ་བདག་ལ་གོས་པ་མེད།། ག་པུང་དྲི
111a6 ལྡན་རྒྱུན་མི་གཅོད།། ཅེས་གསུངས་སོ།། དེའི་ཚེ་ལོག་པའི་ང་རྒྱལ་ཅན་མི་མད་བུ་མོའི་ཆོག་སུ་ཐམས་ཅད་ཆེགས་པའི་སེམས་སྐྱེས་པར་གྱུར་ཏོ།། དེ་ནས་ཁྲག་འཐུང་གི་རྒྱལ་པོ་སྤྱིར་སྦྲུལ་གྱི་ཏིང་ངེ་འཛིན་ལ་བཞུགས་ཏེ་ཆོ་འཕྲུལ་གྱི་དཀྱིལ་འཁོར་ཐུགས་ལ་བཏོན
111a7 ནམ་འི་མ་པའི་དོན་མཛད་དོ།། རྗེ་ག་ཁམས་གསུམ་རྣམ་པར་རྒྱས་པའི་རྒྱུད་ལས། གླེང་གཞིའི་བེའུ་སྟེ་དང་ཐོའོ།། ། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གརྩོལ་བས། ཕྲིན་ལས་ཀྱི་ཀྱིལ་འཁོར་འདགསུམ་མོ།། ཁམས་གསུལ་ནམརྒྱམ




iiif viewer powered by OpenSeadragon

110b - 111b

Texts on this page

Gdg021.14 - khro bo khams gsum rnam par rgyal ba'i rgyud