| | e-texts navigator
|
110a1 ཤེས་པར་བྱ།། བདུད་རྩི་ཆེན་པོའི་རིལ་བུ་བྱ།། བསྙེན་བསྒྲུབ་གསུམ་གྱི་རིལ་བུ་སྦྱང་།། གསང་སྔགས་གཞུག་ལ་ཨ་མྲྀ་ཏ།། སྔགས་རྣམས་རབ་ཏུ་བཟླས་པ་གཅེས།། དེ་ནས་རྣལ་འབྱོར་དངོས་གྲུབ་བླང་།། རིལ་བུ་ཆ
110a2 པོ་བཟའ་བར་བྱ།། བཅུད་ལེན་དངོས་གྲུབ་ཐོབ་པར་འགྱུར།། བདར་ལ་ཞི་ཁྲོའི་ལྷ་ལ་གཏོར།། བདུད་རྩི་མཆོག་སྒྲུབ་ཅེས་བྱའོ།། ཁྲོ་བོ་བདུད་རྩི་འཁྱིལ་པའི་རྒྱུད་ལས། བདུད་རྩི་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།། ། དེ་ན
110a3 ལྡན་འདས་ཁྲག་འཐུང་གི་རྒྱལ་པོས། གཏོར་མ་གཏོང་བ་འདི་གསུངས་ཏེ།། རིན་ཆེན་སྣོད་དུ་གཏོར་བསགས་ལ།། རཾ་ཡཾ་ཁཾ་གིས་བསྲེག་སྦྱང་བྱ།། གཏོར་མ་སྟོང་པ་ཉིད་དུ་བསམ།། གཏོར་མའི་ནང་དུ་ཧཱུཾ་གཅིག་བསམ།། རྩ་བའི་སྔགས་ཀྱིས
110a4 ཁྲོ་བོར་བསམ།། ཧཱུཾ་གཉིས་ཁྲོ་བཅུ་སྲས་དང་བཅས།། ཧཱུཾ་ལས་མི་བཟད་ཕུར་པ་དྲུག། ཛཿཧཱུཾ་བཾ་ཧོཿསྤྱན་ཡང་དྲངས།། མགྲོན་གྱི་ལྷ་རྣམས་སྤྱན་དངས་ཤིང་།། ཧཱུཾ་ཧཱུཾ་ཧཱུ~ཾ་གིས་བསྟིམ་པར་བྱ།། ཨོཾ་ཨཱཿཧཱུ~ཾ་གསུམ་གྱིས་བྱིན་བརླབས་ལ།། འདོད
110a5 ཡོན་དྲུག་གི་ལྷ་མོར་བསམ།། རྩ་བའི་སྔགས་ཀྱིས་མགོ་དྲངས་ལ།། བཛྲ་ཡེ་ཀྵས་དབུལ་བར་བྱ།། ཕྲིན་ལས་བཅོལ་བའི་ཚིག་གིས་བསྐུལ།། དངོས་གྲུབ་བར་ཆད་བླུད་པའི་བགེགས།། གདུག་ཅིང་ཐང་སེམས་ལྡན་པ་རྣམས།། ལུས་ངག་དུ
110a6 ཕྲན་བཞིན་དུ་རྫོགས། ཐབ་མོ་བརྡབ་ཅིང་ཕྲིན་ལས་བཅོལ།། དེ་ལྟར་རྟག་ཏུ་བྱས་པ་ན།། མཁའ་འགྲོ་རྣམས་ཀྱང་མངོན་དུ་འགྱུར།། ཁྲོ་བོ་བདུད་རྩི་འཁྱིལ་པའི་རྒྱུད་ལས། གཏོར་མའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས
110a7 ཁྲག་འཐུང་གི་རྒྱལ་པོས། སེམས་ཀྱི་དོན་བསྟན་ཏེ།། སེམས་ནི་གྱོས་ཀྱི་དབྱིངས་ཉིད་ལས།། ཅིར་ཡང་སྣང་བཅིར་ཡང་མེད།། ཆོས་ཉིད་ཡང་དག་རྡོ་རྗེ་འདྲ།། མ་བཅོས་ཆོས་ཉིད་མཉམ་པ་ཉིད།། མེ་རྟོགས་པ་ཡི་སེམས་ཅན་ལ།། གླི
iiif viewer powered by OpenSeadragon
109b - 110b