| | e-texts navigator
|
109a1 འཁྱིལ་བའི་རྒྱུད། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ཡིས། འོག་མིན་གྱི་གནས་གཞི་མཐའ་དང་དབུས་མེད་པ།
109a2 མི་འགྱུར་བའི་མཁའ་ཀློང་རྣམ་པར་དག་པའི་གཞལ་ཡས་ཁང་ན། ཡུམ་དང་གཉིས་སུ་མེད་པར་སྦྱོར་བའི་ངང་ལ་བཞུགས་པའི་ཚེ། ཀརྨ་ཧེ་རུ་ཀ་དང་། སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་དང་། མགོ་བརྙན་གྱི་ཚོགས་དང་ཡུམ་འཐོར་བྱེད
109a3 མས་འདི་སྐད་ཅེས་ཞུས་སོ།། ཨེ་མ་ཧོ།། གསང་བའི་འོད་ཟེར་འབར་བ་ཡིས།། གདུག་པ་འཇོམས་པའི་དྲག་པོ་འདི།། རོལ་པའི་གདངས་སྒྲ་འཇིགས་པའི་སྐུ།། ཁྲོས་པའི་སྐུ་མཆོག་བདག་ལ་སྟོན།། ཞེས་རྣམ་པར་བསྐུལ་བས། བཅོ་ལྡན
109a4 འདས་ཁྲག་འཐུང་གི་རྒྱལ་པོས། བསྐུལ་བ་ཐུགས་སུ་ཆུད་དེ། འོད་ཟེར་གྱི་ངང་ལ་གདུག་པ་ཅན་ཐམས་ཅད་བསྒྲལ་ནས། ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལས་བཞེངས་ཏེ། འགྲོ་བ་འདུལ་བའི་དཀྱིལ་འཁོར་འདི་གསུངས་སོ།། ཁྲོ་བོ་བདུད་རྩི་འཁྱིལ་བའི་རྒྱུད་ལས།
109a5 གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེས། བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་འདི་གསུངས་སོ།། བདུད་རྩི་འཁྱིལ་པའི་དཀྱིལ་འཁོར་ནི།། ལྡང་ནག་གྲུ་གསུམ་འབར་བ་ཡི།། མཐའ་མ་མཚོན་ཆའི་འཁོར
109a6 ལོ་བསྐོར།། རབ་ཏུ་འོད་དང་ལྡན་པར་བྲི།། དེ་ཡི་དབུས་སྐ་བས་མ་བྱ་བ།། རླུང་གི་གདན་ཉིད་བསམ་པར་བྱ།། དེ་ཡི་སྟེང་དུ་ཉི་ཟླའི་གདན།། དེ་སྟེང་བརྫུས་སྐྱེས་རིམ་པ་ཡིས།། བདུད་རྩི་འཁྱིལ་པ་རབ་རྫོགས་པར།། དེ་ལ་དཀྱིལ་འཁོར་རབ་བཅུག
109a7 དེསས་ཐམས་ཅད་ལྡན་པར་འགྱུར།། དྲུང་གི་པུང་པཚན་གང་བ།། རབ་རྫོགས་ཀྱང་ཆུབ་སེམས་ལས་ཕྱུང་།། བྱང་ཆུབ་སེམས་ཀྱིས་དེ་དཔར་བསྐུར།། བཟླས་པཟི་ཟག་ག་ཅིག་ཏུབྱ།། དེ་ནས་རྟག་པ་མ་མལ།། བྱང་ཆུབ་སེམས་ནི་ཡབ་ཏུ
iiif viewer powered by OpenSeadragon
108b - 109b