| | e-texts navigator
|
108b1 ཆོ་འཕྲུལ་བསྟན་པའི་ལས་གསུངས་ཏེ།། ཝ་དང་སྦྱང་ཀའི་གཟུགས་བྱས་ལ།། འབྲུ་སྣ་བདུན་ལ་བྱ་བར་གསུངས།། དན་སྙིང་གང་ནང་ཁོག་ཏུ་གཞུག། གང་ཡིན་པ་ཡི་སྤུ་ཡི་ས་སྨྲས།། ལྷས་ངན་དྲག་པའི་སྤྲོ་བའི་གཙུག། བཙུན་སྒྲུ་བཅཝམ
108b2 ཆེན་པོ།། གོང་དུ་བསྟན་པ་བསྙེན་པའོ།། ངོ་གང་མཆོད་པ་སྐབས་ཀྱིས་སྦྱར།། སྒྲུབ་པ་གཉིས་པ་འབྲུ་དགུག་ཅེས།། ཛྭ་ལ་པ་ཡ་མཐའ་ལ་གདག་སྟེ།། དགྲ་ལ་ལྟས་ངན་དབབ་པར་བསམ།། བསྟོད་པའི་གཞུག་ལན་པོའི་ལས།། རྟགས་ད
108b3 མཚན་མ་བསྟན་པ་དང་།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། དགྲ་ཕྱོགས་བསྟན་ཅིང་སྨོན་ལམ་གངབ།། དགྲ་ཡི་ཕྱོགས་སུ་ཁྭ་བསྟན་ལ།། དགྲ་ཡི་ཁང་པའི་རྨང་དུ་གཞུག། དེ་མ་ཐག་ཏུ་འགྲུབ་པར་འགྱུར།། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྒྱུད་ལས
108b4 ཆོ་འཕྲུལ་ལྟས་ངན་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་དེ་ལ་འཁོར་རྣམས་ཀྱིས་འདིསྐ་ཅེས་ཞུས་སོ།། ཨེ་མ་ཧེ།། བསྐལ་བའི་དོན་ཕྱིར་ཇི་ལྟར་ལགས།། དམ་ཚིགདོན་རྣམས་ཇི་ལྟར་ལག་ས~ཾ།
108b5 པའི་མཚན་ཉིད་ཇི་ལྟར་ལགས།། གསང་བའི་མཚན་ཉིད་ཇི་ལྟར་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས།། ཕྱག་རྒྱ་བཅིངས་གྲོལ་གྱི་གསུང་གིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་ཧོ།། གལ་ཏེ་ངན་སོང་གསུ
108b6 པོ་ནས།། ཐར་བར་གྱུར་ཀྱང་རླུ་ཏྲར་སྐྱེས།། སེམས་ཅན་འཚེ་ཞིང་སྲོག་གཅོད་པས།། དམ་ཚིག་བླངས་ཏེ་བསྒྲལ་བར་བྱའོ།། ལས་ཀྱི་འཁོར་བ་ཡིན་པར་བཤད།། གསང་བ་ཟབ་མོའི་མདོ་འདི་ནི།། གནག་པར་བྱ་བའི་སྤྱོད་ཀྱང་དཀོན།། ཞེས་གསུང
108b7 སོ།། ཁོ་བོ་གཞན་གྱིས་མི་ཐུབ་པའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ།། ། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་རྒྱུད་རྫོགས་སོ།། ། རྒྱ་གར་སྐད་དུ། ཀྲོ་དྷ་ཀུཎྜ་ལི་ཨ་མྲྀ་ཏ་ཏནྟྲ། བོད་སྐད་དུ། ཁྲོ་བོ་བདུད་རྩི
iiif viewer powered by OpenSeadragon
108a - 109a