| | e-texts navigator
|
107a1 ག་ག། མ་ས་ན། ན་ས་། ས་ས
107a2 རྒྱལ་པོ་ལ། ཀརྠ་ཧེ་ཆུག་ལ་སོགས་ཏེ། འབྱོར་རྣམས་ཀྱིས་རྒྱས་པ།། ཨེམ་ཧོ།། བརྩོད་པའི་རིས་པ་ཇི་ལྟར་ལགས།། རྫོགས་པའི་རིས་པ་ཇི་ལྟར་ལགས།། སྔགས་ཀྱི་མཚན་ཉིད་དེ་ལྟ་ལགས།། མཉམ་པའི་མམན་ན་འི་སྟེ་ལགས། དོནཔ
107a3 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐྱེད་པའི་རིམ་པ་ཧཱུ~ཾ་ལས་སོ།། རྫོགས་པའོ་རིམ་པ་ཨ་ལ་བསྐུ།། སྔགས་ཀྱི་མཚན་ཉིད་བཞི་རུ་བྱེ།། མཉམ་པའི་མཚན་ཉིད་དངལ་བཞག། ཅེས་གསུངས་སོ།། དེ་ནས་འཁོར་རྣམས་དཀྱི་ནས།
107a4 དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་འདི་སྐད་ཅེས་བསྟོད་དོ།། མངོན་རྫོགས་རྒྱལ་པོ་ཡབ་ལ་བསྟོད།། ཁྲག་འཐུང་སྙིང་རྗེ་རྒྱལ་ལ་བསྟོད།། གསུང་མཆོག་རྒྱལ་པོ་ཁྱོད་ལ་བསྟོད།། མ་དཔུང་ཆས་བརྒྱད་ཁྱོད་ལ་བསྟོད།། ཅེས་བསྟོད་དོ།། ཁྲོ་བོན
107a5 མགྲིན་གྱི་རྒྱུད་ལས། ཀྱང་ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་པའོ།། ། ཁྲོ་བོ་རྟ་མགྲིན་གྱི་རྒྱུད་རྫོགས་སོ།། ། ཆ་གང་སྨད་དུ། ཀྲོ་དྷདྷ་ཨ་བདྷི་ཏ་ཏདྷ། བོད་སྐད་དུ། ཁྲོ་བོ་རྒྱལ་ཐོག་ཛྙཱན་གྱིས་མི་ཐུབ་པའི་རྒྱུད། ཐུན
107a6 ཐུང་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཁྲག་འཐུང་རྔམ་པའི་རྒྱལ་པོ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། གསང་བ་མཆོག་གིས་དགྱེད་པའི་གནས་དུར་ཁྲོད་ཆེན་པོ
107a7 ཀེང་རུས་ཀྱི་གཞལ་པས་ཁང་། རུ་དྲ་བསྐོལ་བའི་གདན་སྟེངས་ན། ཡུམ་དང་གཉིས་སུ་མེད་པར་ཕྱག་རྒྱའི་རོལ་པ་མཛད་དེ། ཀརྨ་ཧེ་རུ་ཀ་དང་། སྐྱང་ཀིའི་མགོ་ཅན་དང་། ཁའི་མགོ་ཅན་དང་། མགོ་བ་རྟན་གྱི་ཚོགས་མཐའ་དག་གིས། གཙོ་བོ་ལ་འདི་སྐད
iiif viewer powered by OpenSeadragon
106b - 107b