| | e-texts navigator
|
104b1 བརྣབས་པར་ཚུལ་མཐུན་བཟུང་།། གསང་སྔགས་ཐེག་པ་འབྱུང་བར་དགན།། ཨུ་དུམ་ཐར་དེ་བཞིན་ནོ།། སྔར་གྱི་སངས་རྒྱས་འོད་སྲུངས་ཀྱིས།། གསང་སྔགས་འབྲས་བུའི་འཚར་ལ་བརྗོར།། དྲིལ་དུས་ད་པྱ་སྲུང་ན།། ཙསུ་ཀྱར་གསུང
104b2 མི་འགྱུར་རོ།། དེ་ལྟ་རྒྱལ་པོ་ཛ་ལ་གསུངས།། གསང་བའི་བདག་པོ་འདིས་གསུངས་སོ།། ཞེས་བཀའ་སྩལ་ཏོ།། དེ་ནས་འཁོར་རྣམས་དགྱེས་ནས་གསང་བའི་བདག་པོ་ཁྲག་འཐུང་གི་རྒྱལ་པོ་འཇིགས་པའི་ངོ་ཅན་ཚོགས་ཀྱི་བདག་པོ་ལགས་སོ
104b3 གྱེས་སོ།། ཁྲོ་བོ་མིག་ཡོ་མགོན་པོའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ།། ཁྲོ་བོ་མི་གཡོ་མགོན་པོའི་རྒྱུད་རྫོགས་སོ།། ། རྒྱ་གར་སྐད་དུ། ཀྲོ་ཏ་ཧ་ཡ་གྲཱྀ་ཝ་རཱ་ཛ་དྷནྟ། བོད་སྐད་དུ། ཁྲོ་བོའི་རྒྱལ
104b4 མགྲིན་གྱི་རྒྱུད། དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ལོ་བྲང་ན།། གྲུ་གསུམ་ཨེའི་དཀྱིལ་འཁོར་འབྱམས་པ་ན། བཙུན་མོའི་བྷ་ག་དྷརྨདྷཱ་ཧཱུཾ་ཆོས་ཀྱི་འབྱུང་བ་ད་།
104b5 བདེ་བ་ཅན་གྱི་ཞིང་ཁམས་དེ་ན། ཡུམ་དང་གཉིས་སུ་མེད་པར་ལྡན་གྱིས་སྦྱོར་བ་ལ། པདྨ་ཧེ་རུ་ཀ་དང་བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་དང་། མགོ་བརྙན་གྱི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མའོ།།
104b6 བཅོམ་ལྡན་རྡོ་རྗེའི་ངང་ཉིད་ལས།། གདུག་པ་ལོག་ལྟ་གདུལ་སླད་དུ།། སྔོན་གྱི་སྨོན་ལམ་ཆེར་དགོངས་ཏེ།། སྙིང་རྗེ་ཆེན་པོ་བདག་ལ་སྟོན།། ཞེས་བསྐུལ་བས། དཔལ་ཁྲག་འཐུང་གི་རྒྱལ་པོས་ཏིང་ངེ་འཛིན་ལས་བཞེངས་ཏེ། སྐུ་གསུང་ཐུགས་སུ་ཆུད།
104b7 གསུང་ཐུགས་དེ་ཉིད་ཀྱི་ངང་ལས། སྨོན་ལམ་གྱི་དབང་གིས་རོལ་པའི་ཆོ་འཕྲུལ་མང་པོ་བྱུང་སྟེ། རྣམ་པར་གསལ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། རང་བཞིན་གྱི་ངང་ལ་བཞུགས་སོ།། དེའི་ཚེ་ཡང་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཨོཾ
iiif viewer powered by OpenSeadragon
104a - 105a